ཇཱོ་བྷེ་ཌན་ལ་རྒྱལ་ཁ་ཐོབ་ཀྱང་ཊོམ་གྱིས་ཕམ་ཁ་ཁས་ལེན་བྱས་མེད་འདུག
ཨ་རིའི་སྲིད་འཛིན་འོས་བསྡུར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་ལ་རྒྱལ་ཁ་ཐོབ་ནས་རྒྱལ་སྤྱིའི་འགོ་ཁྲིད་ཚོས་མཚམས་འདྲི་ཞུ་བཞིན་ཡོད་འདུག་ཀྱང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ལས་ཁུར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཡོངས་གྲགས་སུ་འོས་བསྡུ་ཕམ་ཁ་ཁས་ལེན་བྱས་མེད་ཁར། མངའ་སྡེ་ཁག་ཅིག་ནང་འོས་བསྡུའི་གྲུབ་དོན་དང་འབྲེལ་ནས་ཁྲིམས་གཏུག་བྱས་ཡོད་པ་རེད་འདུག
 ཟླ་༡༡ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ད་ལྟའི་ཆར་ཨ་རིའི་མངའ་སྡེ་ཁག་ཅིག་ནང་མུ་མཐུད་ནས་འོས་ཤོག་རྩིས་བཤེར་འགྲོ་བཞིན་ཡོད་ཀྱང་། ཚེས་༧ ཉིན་གྱི་མཚན་མོར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་དགོས་ངེས་ཀྱི་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་༢༧༠ བརྒལ་ཡོད་པ་གཏན་འཁེལ་ཆགས་ཡོད་པ་རེད། ད་ལྟའི་ཆར་འོས་ཤོག་ཆ་ཚང་རྩིས་བཤེར་བྱེད་ཚར་རྒྱུ་ཡིན་པས། འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་ཁྱོམ་བསྡོམས་ག་ཚོད་ཐོབ་ཡོད་པ་དང། མི་མང་གིས་ཁོང་ལ་འོས་ཤོག་ཁྱོམ་བསྡོམས་ག་ཚོད་འཕངས་ཡོད་པ་གསལ་པོ་མེད་ཀྱང་། ད་ལྟ་བར་གྱི་འོས་གྲངས་ལ་གཞིགས་ནས་ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་འོས་མི་ཞིག་ལ་མི་མང་གི་འོས་ཤོག་མང་པོ་ཐོབ་མཁན་དེ་ཁོང་ཆགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་འདུག དེ་བཞིན་སྲིད་འཛིན་གཞོན་པ་ལྕམ་ཀམ་ལཱ་ཧེ་རི་སེ་ཡང་ཨ་རིའི་ལོ་རྒྱུས་ནང་བུད་མེད་དང་གྲངས་ཉུང་མི་རིགས་ཀྱི་སྲིད་འཛིན་གཞོན་པ་ཐོག་མར་དེ་ཆགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་འདུག

འདེམས་ཐོན་སྲིད་འཛིན་ཇཱོ་བྷེ་ཌན་གྱིས་རྒྱལ་ཁ་གཏམ་བཤད་སྐབས་སུ། ཁོང་གིས་རྒྱལ་ཁབ་དེ་ཁ་འཐོར་གཏོང་རྒྱུ་མིན་ཁར་ཆིག་སྒྲིལ་བཟོ་རྒྱུ་ཡིན་པ་དང་། ཨ་རིའི་མི་མང་ཚང་མར་གཅིག་མཚུངས་ཐོག་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་ལས། ཆབ་སྲིད་ལངས་ཕྱོགས་ཐོག་ནས་དབྱེ་འབྱེད་བྱེད་རྒྱུ་མིན་པ། ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཚོགས་ཆུང་ད་ལྟ་ནས་བཟོས་ནས་ལས་དོན་གྲ་སྒྲིག་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་མི་རིགས་ནག་པོའི་འོས་འཕེན་པ་ཚོས་ཁོང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འོས་འགྲན་ལ་ཞུགས་པ་ནས་རྒྱབ་སྐྱོར་མུ་མཐུད་ནས་ཆེན་པོ་བྱས་ནས། དམིགས་བསལ་གྱི་ཁྱད་པར་བཟོས་ཡོད་པར་ཐུགས་རྗེ་ཆེ་ཞུས་འདུག སྲིད་འཛིན་གཞོན་པ་འདེམས་ཐོན་ལྕམ་ཀམ་ལཱ་ཧེ་རི་སེ་ཡིས་ཁོང་ཨ་རིའི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་འཛིན་གཞོན་པ་ཐོག་མར་དེ་ཆགས་ཡོད་ཀྱང་། མཐའ་མ་དེ་ཆགས་རྒྱུ་མིན་སྐོར་བརྗོད་འདུག
སྤྱིར་བཏང་སྲིད་འཛིན་འོས་འགྲན་སྐབས་སུ་ཕམ་ཁ་བྱུང་མཁན་འོས་མི་དེས། རྒྱལ་ཁ་ཐོབ་མཁན་ལ་མཚམས་འདྲི་ཞུ་བ་དང་སོ་སོའི་རྒྱབ་སྐྱོར་བ་ཚོར་གཏམ་བཤད་བྱེད་ནས་ཕམ་ཁ་ཁས་ལེན་བྱེད་སྲོལ་ཡོད་ཀྱང་། སྲིད་འཛིན་ཊོམ་གྱིས་ད་བར་ཕམ་ཁ་ཁས་ལེན་བྱས་མེད་ཁར། སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་འོས་བསྡུ་དྲང་བདེན་བྱུང་མེད་སྐོར་མུ་མཐུད་བརྗོད་བཞིན་འདུག་པ་དང་། ཁོང་གིས་མངའ་སྡེ་ཁག་ཅིག་ནང་འོས་ཤོག་རྩིས་བཤེར་བསྐྱར་དུ་བྱེད་དགོས་པའི་ཁྲིམས་གཏུག་བྱས་ཡོད་ཁར། འོས་བསྡུ་དྲང་བདེན་བྱུང་མེད་པ་དེ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁྲིམས་གཏུག་བྱེད་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མང་པོ་ཞིག་གིས་ཇཱོ་བྷེ་ཌན་ལ་མཚམས་འདྲི་ཞུ་བཞིན་འདུག
མང་གཙོ་ཚོགས་པར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། ད་ལྟའི་ཆར་གྲོས་ཚོགས་གོང་མའི་ནང་རྐུབ་སྟེགས་མང་བ་ཐོབ་ཡོད་མེད་གསལ་པོ་ཆགས་མེད་ཁར། གྲོས་ཚོགས་འོག་མའི་ནང་རྐུབ་སྟེགས་མང་ཤོས་ཐོབ་ཡོད་ཀྱང་། རྐུབ་སྟེགས་ཁག་ཅིག་སྤྱི་མཐུན་ཚོགས་པར་ཤོར་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།