ཏུར་ཀིའི་གནམ་ཐང་ལ་དྲག་སྤྱོད་པའི་བཙན་རྒོལ།
ཡུ་རོབ་ཏུར་ཀིའི་རྒྱལ་ས་ཨེ་སེ་ཏན་སྦོལ་གྱི་ཨ་ཏ་ཊོར་གནམ་ཐང་དུ། དྲག་སྤྱོད་པས་བཙན་རྒོལ་བྱས་ཏེ་མི་༣༦ བསད་ཡོད་པ་དང། མི་༡༤༠ ལས་མང་བར་རྨས་སྐྱོན་བཟོས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༨ ཉིན། ཏུར་ཀིའི་ཨ་ཏ་ཊོར་གནམ་ཐང་དུ་དྲག་སྤྱོད་པ་གསུམ་གྱིས། མི་མང་ནང་དུ་མེ་མདའ་གང་སར་བརྒྱབ་པ་དང། རྗེས་སུ་ཉེན་རྟོག་པས་ཁོ་ཚོར་ཕར་རྒོལ་བྱེད་སྐབས། འབར་རྫས་གཏོར་ནས་རང་སྲོག་བཅད་ཡོད་འདུག
ད་ལྟའི་ཆར་དྲག་སྤྱོད་པ་དེ་དག་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ག་རེའི་ཚོགས་མི་ཡིན་མིན་ཤེས་ཐུབ་མེད་ཀྱང། ཁ་ཆེ་ཨ་ཡེ་སེ་སེ་ཡི་བྱེད་ལས་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཚེ་སྲོག་ཤོར་བའི་ཁོངས་སུ་ཕྱི་རྒྱལ་སྤྲོ་འཆམ་པ་ཡོད་སྲིད་སྐོར་འབྲེལ་ཡོད་ལས་བྱེད་ཀྱིས་འགྲེལ་བརྗོད་བྱས་འདུག
ཐེངས་འདིའི་བཙན་རྒོལ་བརྩིས་པའི་ཕྱི་ལོ་༢༠༡༦ ལོར་ཏུར་ཀིའི་ནང་དུ་དྲག་སྤྱོད་པས། བཙན་རྒོལ་ཐེངས་༦ བྱས་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།
