བཞུགས་མོལ་ཚོགས་འདུར་མ་བཅར་མཁན་སྤྱི་འཐུས་རྣམས་ཀྱིས་གསལ་བསྒྲགས་ཤིག་སྤེལ་འདུག
ཕྱི་ཚེས་༢༣ ཉིན་ཚོགས་གཙོ་སྦྲེལ་པོས་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་དགོས་པའི་ཚོགས་བརྡ་བཏང་འདུག་ཀྱང་། སྐབས་དེར་སྤྱི་འཐུས་ཆ་ཚང་མ་འཛོམས་པས་བཞུགས་མོལ་ཚོགས་འདུ་དེ་འཚོགས་ཐུབ་མེད་པ་རེད། དེ་རིང་བཞུགས་མོལ་ཚོགས་འདུར་མ་བཅར་མཁན་སྤྱི་འཐུས་རྣམས་ཀྱིས་གསལ་བསྒྲགས་ཤིག་སྤེལ་འདུག
“ཕྱི་ལོ་༢༠༢ ༣ ཟླ་༠༩ཚེས་༢༣ཉིན་གྱི་བཞུགས་མོལ་ཚོགས་འདུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།
༄༅། །སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་ཚོགས་ཐུན་དང་པོར་ བཀུར་འོས་ཆོས་བརྒྱུད་སྤྱི་འཐུས་ ༩ དང་མདོ་སྟོད་སྤྱི་འཐུས་ ༡༠ ཚོགས་བཅར་མ་གནང་རྐྱེན་གྲོས་ཚོགས་ ལས་རིམ་ལ་འགོག་རྐྱེན་འཕྲད། དེ་འབྲེལ་ཚོགས་གཙོ་མཆོག་ནས་འབྲེལ་ཡོད་སྤྱི་འཐུས་ཁག་ཅིག་གིས་

འབྲེལ་ཡོད་བདེ་སྲུང་ལས་ཁུངས་ནས་ལས་ཉིན་སྔ་མའི་གནད་དོན་གཙང་མ་མ་བཟོས་བར་དུ་ཚོགས་བཅར་ཞུ་ ཐུབ་ཀྱི་མེད་པ་བརྗོད་ལུགས་དང་། བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་དང་པོའི་དགོངས་དོན་གཞིར་ བཟུང་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་མ་ལོངས་ན་ལས་དོན་ ་བརྩམ་ཆོག་གི་མི་འདུག་ཅེས་དང་། ལས་དོན་བརྩམ་ཆོག་པའི་གནས་སྟངས་ག་དུས་བྱུང་ན་དེ་དུས་ལན་འབུལ་རྒྱུ་ཡིན་ཞེས་གསུངས་ཏེ་གྲོས་ཚོགས་ལས་པའི་རེ་འབོད་ཕྱི་གསལ་ནང་གསལ་ཞུས་པ་དེར། ཚོགས་གཙོའི་གྲོས་ཚོགས་དབུ་འབྱེད་གཏམ་བཤད་དང་། གཞི་རིམ་མི་མང་གི་སྐུ་ཚབ་དང་། ང་ཚོའི་འཐུས་ཚབ་བཅས་ལ་ཚོགས་གཙོ་སྦྲེལ་པོས་གསལ་བཤད་གནང་ བབ་ལ་ཞིབ་སྐབས། བཞུགས་མོལ་ཚོགས་འདུ་འཚོགས་ནས་དོན་ཕན་གསོས་པ་ཞིག་ཡོང་བཟོ་གང་ཡང་མ་ མངོན་སྟབས་ཚོགས་བཅར་མ་ཞུས་པ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ་བཞུགས་མོལ་ཚོགས་རིམ་མཚམས་འཇོག་བྱེད་དགོས་བྱུང་ཡོད།
ཕྱི་ཟླ་ ༠༩ པའི་ཚེས་ ༢༣ཉིན་གྱི་ཞོགས་པ་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སྒེར་སོ་སོར། དེའི་ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཡོད་པའི་ཚོགས་བརྡ་འབྱོར། བཞུགས་ མོལ་ཚོགས་འདུའི་ནང་དོན་གཉིས་ལས། ༡༽ གྲོས་ཚོགས་མུ་མཐུད་དུ་ཚོགས་ཐུབ་ཐབས་སྐོར། དང་། ༢༽ གཞི་རིམ་མི་མང་རེ་འབོད་ཚོགས་པའི་ལས་འགུལ་དང་འབྲེལ་བའི་སྐོར་ཞེས་འཁོད་ཡོད་ཀྱང་། ནང་དོན་དང་ པོ་དང་འབྲེལ་བའི་ཐད་ང་ཚོས་གྲོས་ཚོགས་ནམ་ཚོགས་ཀྱི་ཚོགས་བརྡར་ངང་སྒུག་བྱེད་བཞིན་ཡོད་པས། ཟུར་ དུ་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་ཐབས་སྐོར་གྱི་བཞུགས་མོལ་ཚོགས་འདུར་བཅར་དགོས་གལ་གང་ཡང་མ་མཐོང་། བཞུགས་མོལ་ཚོགས་འདུའི་ནང་དོན་གཉིས་པའི་ཐད། གཞི་རིམ་མི་མང་གིས་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་བཅའ་སྒྲིག་འཕྲལ་དུ་བསྐྱར་བཅོས་གནང་དགོས་འདུར་མཉམ་ཞུགས་མི་ཞུ་མཁན་གྱི་སྤྱི་འཐུས་ཐུན་མོང་ནས་ཕྱི་ལོ་༢༠༢༣ ཟླ་ ༠༩ ཚེས་ ༢༥ ཉིན་སྤེལ།”