མོན་གྷོ་རུ་བསྔོ་སྨོན་མཆོད་འབུལ།

mundgod_2014_4_15
མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༡༥ ཉིན་གྱི་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཆུ་སྒང་ས་གནས་རྒྱུན་ལས་ཁང་གི་གོ་སྒྲིག་འོག བོད་ཀྱི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་དང་། མདོ་ཁམས་ཀྱི་དམག་སྤྱི་ཟུར་པ་དཀར་མཛེས་ཤེས་སྙན་ཚང་བསོད་ནམས་དབང་རྒྱལ། ཟླ་འདིའི་ཚེས་༡༥ བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྟའུ་འཕྲིན་ལས་རྣམ་རྒྱལ་བཅས་གཙོས་བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་སྟོང་མཆོད་དང་། གཞན་ཡང་མོན་གྷོ་ས་གནས་གཞིས་ཁོངས་ཀྱི་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་གཙོས་དགོན་པ་ཆོས་སྒར་ཁག་ལ་བསྔོ་སྨོན་སྐྱབས་འཇུག་ཞུས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ལྷོ་ཕྱོགས་གསར་འགོད་པས།