བོད་ཀྱི་མཛངས་མ་སའི་གོ་ལའི་མཛངས་མའི་འགྲན་སྡུར་ནང་ཞུགས་པ།

ཟླ་འདིའི་ཕྱི་ཚེས་༢༤ ཉིན་ནས་འགོ་འཛུགས་ཀྱིས་འདི་ལོའི་སའི་གོ་ལའི་མཛངས་མའི་འགྲན་སྡུར་ཧྥི་ལི་པིན་གྱི་རྒྱལ་སར་འཚོགས་བཞིན་ཡོད་པ་དང་། དེར་འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་གི་བུད་མེད་༣༩ འཛུལ་ཞུགས་བྱས་ཡོད་པའི་ནང། བོད་ཀྱི་མཛངས་མ་བསྟན་འཛིན་སང་ཉི་ཡོད་པ་རེད།

miss-tibet-participates-in-miss-global-pageant-pg
tibetsun.com

འགྲན་སྡུར་སྐབས། ཆུ་རྐྱལ་བ་དང་། གོན་ཆས་འདྲ་མིན་གྱོན་པའི་གཟུགས་ངོམ། བཅར་འདྲི་བྱེད་པ། དེ་བཞིན་སྡིངས་ཆའི་ཐོག་ནས་དྲི་བ་དྲིས་ལན་བྱེད་པ་བཅས་ཀྱི་ཐོག་ནས་འགྲན་སྡུར་བྱེད་རྒྱུ་ཡིན་འདུག བདུན་ཕྲག་རྗེས་མར་མཐའ་མའི་འགྲན་སྡུར་བྱེད་རྒྱུ་ཡིན་འདུག

རང་ལོ་ཉེར་གཅིག་ལ་སོན་པའི་བོད་ཀྱི་མཛངས་མ་བསྟན་འཛིན་སང་ཉི་ནི། ༢༠༡༦ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་ཡོད་པ་དང་། མོས་ད་ཆ་ལྡི་ལི་ནས་སྨན་ཞབས་ཀྱི་སློབ་གཉེར་གནང་བཞིན་ཡོད་པ་རེད།

སའི་གོ་ལའི་མཛངས་མའི་འགྲན་སྡུར་འདི་ནི། ཕྱི་ལོ་༢༠༡༢ལོར་དབུ་བརྙེས་ཞིང་། ཨ་རིིའི་གྲོང་ཁྱེར་ལོ་སི་ ཨེན་ཇིའི་ལེ་སི་(Los Angeles) ལ་འགྲན་སྡུར་འདིའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ཡོད་འདུག འགྲན་སྡུར་གྱི་དམིགས་ཡུལ་ནི། བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་རྒྱུ་དང་། རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ། དེ་བཞིན་ནང་སེམས་ཀྱི་མཛེས་སྡུག་སྟོན་ཐུབ་རྒྱུ་བཅས་ཡིན་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།