བོད་ཇ་མངར་མོ་ཞེས་པའི་སྙན་དེབ།

ཟླ་འདིའི་ཚེས་༣ ཉིན་གྱི་དགོང་མོར་དྷ་ས་མེག་གྷན་སོན་རྩ་ཟ་ཁང་དུ། བསྟན་ཕུན་གྱིས་བརྩམས་པའི་དབྱིན་ཡིག་སྙན་ངག་དེབ་བོད་ཇ་མངར་མོ་(sweet butter tea)ཞེས་པ་འགྲེམས་སྤེལ་བྱས་སོང་།
1245piklབོད་སྨྱུག་གི་དཔར་སྐྲུན་བྱས་པའི་དེབ་འདིའི་འགྲེམས་སྤེལ་གྱི་མཛད་སྒོར་སྙན་ངག་པ་བུ་ཆུང་བསོད་ནམས་དང། དེ་བཞིན་བོད་ཀྱི་ན་གཞོན་ཁག་ཅིག་བཅར་ཡོད་པ་རེད།
བུ་ཆུང་བསོད་ནམས་ཀྱིས་དེབ་དེའི་པར་སྐྲུན་གྱི་བརྒྱུད་རིམ་ཐོག་གཏམ་བཤད་བྱས་པ་དང། དེའི་རྗེས་བསྟན་ཕུན་གྱིས་དེབ་ལས་སྙན་ངག་གསུམ་ཀློག་སོང། ཁོང་གིས་བྲིས་པའི་སྙན་ངག་༡༥༠ ལྷག་ལས་ ༢༩ འདེམས་སྒྲུག་བྱས་ཏེ་པར་སྐྲུན་བྱས་པ་ཞིག་རེད་འདུག
བསྟན་ཕུན་གྱིས་ཁོ་རང་ལ་མཚོན་ན་སྒྱུ་རྩལ་ནི་དྭངས་མ་དང་སྙིགས་མ་གཉིས་འདྲེས་མ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང། སྙན་ངག་དེབ་ཆུང་འདི་ནི་ཁོ་རང་གིས་ལོ་མང་རིང་དྷ་སའི་སྲང་ལམ་ཁག་ཏུ་ཡར་མར་འཁྱམ་པའི་རིང་ལ། བཙན་བྱོལ་བའི་ཁེར་རྐྱང་གི་ཚོར་བ་དང་རང་ཉིད་ལ་མི་མང་པོ་ཐུག་ནས། ཁོ་ཚོའི་ལོ་རྒྱུས་ལས་སེམས་འགུལ་བྱུང་བའི་སྙན་ངག་ཡིན་ཞེས་དང། དེབ་ཀྱི་ཁ་བྱང་དེ་བོད་ཇ་མངར་མོ་ཞེས་བཏགས་དོན་ནི་ལྡོག་ཕྱོགས་ཀྱི་གོ་དོན་ཚུལ་དུ་ཡིན་པར་འགྲེལ་བརྗོད་བྱས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ་ཀྱིས།