བོད་པའི་བུ་མོ་ཞིག་ལ་རྒྱ་གར་རྒྱལ་ཡོངས་རྩོམ་རིག་འགྲན་སྡུར་ཞིག་གི་ཁྲོད་ཨང་རིམ་གཉིས་པའི་བྱ་དགའ་ཐོབ་འདུག

དེ་ཡང་ཟླ་འདིའི་ཚེས་༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལྷོ་ཀོ་རི་ཡའི་རིག་གཞུང་ལྟེ་གནས་ཁང་གིས་གོ་སྒྲིག་བྱས་པའི། རྒྱ་གར་དང་ལྷོ་ཀོ་རི་ཡའི་མཛའ་མཐུན་གྱི་ཐེངས་གསུམ་པའི་རྩོམ་རིག་འགྲན་སྡུར་གྱི་རྩེར་རྣམས་བྱ་དགའ་བསྩལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། འགྲན་སྡུར་དེར་མཉམ་ཞུགས་བྱེད་མཁན་རྒྱ་གར་སློབ་ཕྲུག་༦༠༠༠ ཙམ་ཡོད་པ་ལས། ལྡི་ལིའི་རྒྱ་གར་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་བུ་མོ་ཀི་ཀི་ལ་སློབ་ཕྲུག་རྒན་པའི་སྡེ་ཚན་ལས། ཨང་གཉིས་པའི་བྱ་དགའ་ཧིན་སྒོར་ཁྲི་གཅིག་(༡༠,༠༠༠)ཐོབ་འདུག

བྱ་དགའ་སྩོལ་མཁན་རྒྱ་གར་གྱི་ལྷོ་ཀོ་རི་ཡའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཧོའུ་དང་ལྷོ་ཀོ་རི་ཡའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་ཀེམ་གཉིས་ཡིན་འདུག

གསར་འགོད་པ་སྐལ་བཟང་དོན་གྲུབ།