ལྡི་ལིར་བོད་མི་གཉིས་རྒྱག་རེས་ཤོར་ཏེ་གཅིག་གྲོངས་ཡོད་འདུག
ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ། བོད་མི་གཉིས་རྒྱག་རེས་ཤོར་ཏེ་གྲིས་བརྒྱབ་པ་དང་། གཅིག་དེ་སྨན་ཁང་ནས་གྲོངས་པ་དང་། གཅིག་དེར་རྨེས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
 དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྡོད་བསོད་ནམས་ཚེ་རིང་དང་། ལྡི་ལི་བསམ་ཡས་གླིང་དུ་གནས་སྡོད་བཀྲ་ཤིས་གཉིས་དེ་སྔོན་རྒྱག་རེས་ཤོར་མྱོང་ཡོད་པ་དང་། སྐབས་དེར་བསོད་ནམས་ཚེ་རིང་གིས་བཀྲ་ཤིས་ལ་གྲིས་གཉིས་བརྒྱབ་ཡོད་འདུག  རྗེས་སུ་འབྲེལ་ཡོད་ཀྱིས་ཁ་མཆུ་ནང་འགྲིག་བྱེད་ཐབས་བྱས་ཡོད་ནའང་། ལམ་ལྷོང་དེ་ཙམ་མ་བྱུང་བར་བརྟེན། ཕྱི་ཟླ་༦ ཚེས་༦ ཉིན་གྱི་སྔ་དྲོ་བསོད་ནམས་ཚེ་རིང་བསམ་ཡས་གླིང་དུ་འབྱོར་བ་དང་། ཁོང་གཉིས་དེར་ཐུག་ཡོད་འདུག དེ་ནས་རྒྱག་རེས་ཤོར་ཏེ་ཕན་ཚུན་གྲིས་བརྒྱབ་པ་དང་། བར་འདུམ་པ་སླེབས་རྗེས་སྨན་ཁང་དུ་བསྐྱར་ཡོད་ནའང་། བསོད་ནམས་ཚེ་རིང་གྲོངས་པ་དང་བཀྲ་ཤིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གཉིས་ཀ་བོད་ནས་ཡོང་བ་ཡིན་པ་དང་། ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྡོད་བསོད་ནམས་ཚེ་རིང་གིས་དེར་ཚོང་ཁང་ཞིག་གཉེར་ཡོད་འདུག བསམ་ཡས་གླིང་དུ་གནས་སྡོད་བཀྲ་ཤིས་ཀྱིས་དེར་ཚོང་ཙག་ཅིག་གཉེར་མཁན་ཞིག་ཡིན་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།