མངའ་རིའི་ཁུལ་དུ་གངས་རུད་ཀྱི་གནོད་སྐྱོན།

བོད་མངའ་རིས་ཁུལ་དུ་གངས་རུད་ཀྱིས་མི་༩ གངས་འོག་ཏུ་ཤོར་ནས་ཤི་ཡོད་འདུག
13694969_1210324605658073_1450259695_nཟླ་འདིའི་ཚེས་༡༧ ཉིན་རྒྱ་གཞུང་གི་བརྒྱུད་ལམ་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། བོད་ཀྱི་སྟོད་མངའ་རིས་རུ་ཐོག་རྫོང་ནས་རྒྱང་ཐང་ཀི་ལོ་མི་ཊར་༣༠༠ ཡི་མཚམས་ཀྱི་ཕྱུགས་འཚོ་ཡུལ་ཞིག་ལ་། གངས་གཏིང་ཚད་མི་ཊར་༨ ཙམ་ཞིག་རུད་ནས། ཕྱུགས་རྫི་༩ ཡི་ཚེ་སྲོག་ཤོར་བ་དང་། ཕྱུགས་ཟོག་༡༡༠ དང་ལུག་༣༥༠ ཡང་གངས་འོག་ཏུ་ཤོར་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།