མོན་གྷོ་ས་གནས་མྱ་ངན་དགོང་ཚོགས།

ཟླ་འདིའི་ཚེས་༦  ནས་༧ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་ཕ་ཡུལ་སློབ་མའི་ཤེས་ཡོན་ཚོགས་པའི་གོ་སྒྲིག་འོག མྱ་ངན་དགོང་ཚོགས་ཆེན་མོ་ཞེས་པའི་བརྗོད་གཞིའི་ཐོག་གཞས་སྣ་འཁྲབ་སྟོན་ཞིག་མོན་གྷོ་ས་གནས་གཞིས་སྤྱི་ཚོགས་ཁང་ནང་འཚོགས་ཡོད་པ་རེད།

mondgod1_6མྱ་ངན་དགོང་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་ཚོགས་གཞོན་གྱིས་མཚོན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པ་དང་། མོན་གྷོ་ས་གནས་སེར་སྐྱ་མི་མང་ཕོན་ཆེན་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ཡང་ཕ་ཡུལ་ཤེས་ཡོན་ཚོགས་པའི་དྲུང་ཆེ་ཨ་ཀ་སྤེན་པས་མྱ་ངན་དགོང་ཚོགས་ཀྱི་གཞས་སྣ་འཁྲབ་སྟོན་འདི་ལྟར་གོ་སྒྲིག་བྱེད་དགོས་པའི་དགོས་དམིགས་སྐོར་ལ་འགྲེལ་བརྗོད་གནང་དོན། བོད་ཁྱིམ་སློབ་ཕྲུག་རྣམས་གུང་གསེང་དང་སྟབས་བསྟུན་ནས་ཟབ་སྦྱོང་དང་། ནང་ཆོས། རིག་ལམ་སྦྱོར་བརྡར། རྒྱལ་རབས་ལོ་རྒྱུས། སུམ་རྟགས་དག་གསུམ། བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་སྦྱོང་བརྡར་དང་། ལྷག་དཀར་ཉིན་ཁོར་ཡུག་གཙང་བཟོ། མཐའ་མའི་བགྲོ་གླེང་ཆེན་མོ་སོགས་བྱ་འགུལ་སྣ་ཚོགས་ཤིག་སྤེལ་ཡོད། ད་རེས་ལོ་སར་གྱི་གོ་སྐབས་དང་བསྟུན་ནས་­མྱ་ངན་དགོང་ཚོགས་ཆེན་མོ་འདི་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ། ༡༽ སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་པས་བོད་བསྟན་སྲིད་ཆེད་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ༢ ༽ བོད་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ། ༣༽  ཕ་མ་དང་གཉེན་ཉེ་སོགས་དང་ཁ་བྲལ་བའི་སློབ་ཕྲུག་དག་གི་འཚོ་བའི་མཐུན་རྐྱེན་ཆེད། ༤༽  བོད་ཕྲུག་ཚོར་སྤོབས་པ་དང་། རང་ཉིད་ཀྱི་རྐང་པའི་སྟེང་དུ་རང་ཉིད་ལངས་ཐུབ་ཐབས་བཅས་ཀྱི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།