ཞབས་རིམ་གསོག་སྒྲུབ་དང་སྲོག་བླུ།

༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཞབས་རིམ་གསོག་སྒྲུབ་དང་འབྲེལ། ཉ་༡༡༡༡༡༡ དང་། བྱ་༡༡༣ ཙམ་སྲོག་བླུ་བྱས་འདུག།

དེ་ཡང་ཟླ་༤ ཚེས་༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་བོད་མིའི་མཉམ་འབྲེལ་དང་། བདེ་སྐྱིད་སླར་གསོ་མཉམ་འབྲེལ། སྤྱི་འཐུས་མཉམ་འབྲེལ་གྱི་ས་གནས་ཡན་ལག་གི་མཉམ་འབྲེལ་བཅས་མཉམ་འབྲེལ་གསུམ་ཐུན་མོང་གི་གོ་སྒྲིག་འོག  བོད་མིའི་སྤྱི་འཐུས་མཉམ་འབྲེལ་གྱི་ཚོགས་ཆེན་སྐབས་༡༤ པའི་གྲོས་ཆོད་གཞིར་བཟུང་།

༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་ཞབས་རིམ་འཕགས་བསྟོད་། སྒྲོལ་མ། རྒྱལ་བའི་ཞབས་བརྟན། མ་ནི་བཅས་གསོག་སྒྲུབ་­གནང་ཡོད་པ་རེད།

མཉམ་འབྲེལ་གྱི་གྲོས་ཆོད་ནང་ས་གནས་སོ་སོ་ནས་ནས་སྲོག་བླུ་དགོས་སྐོར་འཁོད་ཡོད་པ་ལྟར། ཚེས་༨ སྐུའི་བླ་གཟའ་ཉིན་སེར་བྱེས་ཀྱི་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་གཙོས་པའི་དགེ་འདུན་པ་བརྒྱད་སྡེ་གདན་འདྲེན་ཞུས་ནས། ཉ་༡༡༡༡༡༡ གསོག་བླུ་བྱས་པ་དང་། བྱ་༡༡༣ ཙམ་སྲོག་བླུ་བྱས་པ་དེ་༸གོང་ས་མཆོག་དགུང་གྲངས་༡༡༣ ལ་བཞུགས་པའི་རྟེན་འབྲེལ་ཆེད་དུ་ཡིན་འདུག།

གསར་འགོད་པ་ངག་དབང་ཐར་པ།