འདི་ལོར་ཕག་ཆམ་གྱིས་རྐྱེན་པས་རྒྱ་གར་ནང་མི་༡༠༩༤ གྲོངས་ཡོད་འདུག
རྒྱ་གར་ནང་དེ་སྔོན་ཟླ་ངོ་བརྒྱད་ཀྱི་རིང་ལ་ཕག་ཆམ་ནད་ཡམས་ཀྱི་དབང་གིས་ མི་༡༠༩༤ ཤི་ནས་ལོ་སྔོན་མ་དང་བསྡུར་ན་ལྡབ་བཞི་འགྱུར་གྱིས་འཕར་ཡོད་འདུག
ཟླ་འདི
འི་ཕྱི་ཚེས་༢༤ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཟླ་ངོ་༨ ཀྱི་རིང་ལ་ཕག་པའི་ཆམ་ནད་ཀྱིས་རྐྱེན་པས་རྒྱ་གར་ནང་མི་༡༠༩༤ ཤི་ནས། དུས་ཡུན་འདི་འདྲ་ཞིག་གི་ནང་ད་བར་དུ་ནད་རིགས་དེ་ལ་བརྟེན་ནས་མི་ཤི་བའི་གྲངས་ཚད་མཐོ་ཤོས་ཆགས་ཡོད་ཁར། ཉེ་བའི་བདུན་ཕྲག་གསུམ་གྱི་ནང་མི་༣༤༢ འདས་གྲོངས་སོང་ཡོད་སྐོར་རྒྱ་གར་གཞུང་འབྲེལ་གྱི་སྙན་ཐོའི་ནང་འཁོད་ཡོད་འདུག
འདི་ལོར་ཕག་ཆམ་གྱི་ན་ཚའི་དབང་གིས་མ་ཧཱ་ར་ཤི་ཏྲར་མངའ་སྡེ་ནས་མི་༤༣༧ གྲོངས་ཏེ་རྒྱ་གར་རྒྱལ་ཡོངས་ནས་ཉེན་ཚབས་ཆེ་ཤོས་ཆགས་ཡོད་ཁར། གྷུ་ཇུ་ར་ཏི་མངའ་སྡེའི་ནང་མི་༢༦༥ འདས་གྲོངས་སོང་ཡོད་འདུག
ཁྱོན་འདི་ལོར་རྒྱ་གར་རྒྱལ་ཡོངས་ནས་མི་༢༢,༡༨༦ ལ་ན་ཚ་འདི་ཕོག་ཡོད་པ་རྒྱ་གར་གཞུང་འབྲེལ་གྱི་སྙན་ཐོའི་ནང་གསལ་ཡོད་འདུག
སྒེར་གཉེར་སྨན་ཁང་ཤཱན་ཐི་ཞེས་པའི་འགན་འཛིན་སཱན་ཇེས་གྷུ་རུ་ར་ཇིས་སྦི་སྦི་སི་གསར་ཁང་ལ། རྒྱ་གར་གཞུང་ནས་སྒེར་གཉེར་སྨན་ཁང་ཁག་ལ་སོ་སོའི་སྨན་ཁང་དུ་ན་ཚ་འདིའི་རྐྱེན་གྱིས་མི་ཤི་བའི་གྲངས་ཚད་རྒྱ་གར་གཞུང་འབྲེལ་གྱི་སྙན་ཐོའི་ནང་ངེས་པར་དུ་ཞུ་དགོས་པའི་བཀའ་རྒྱ་བཏང་མེད་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
