རང་དབང་ལྡན་པའི་ནད་ཡམས་ཞིབ་འཇུག་ཚོགས་ཆུང་ཞིག་གིས་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་སྐྱོན་བརྗོད།

རང་དབང་ལྡན་པའི་ནད་ཡམས་ཞིབ་འཇུག་ཚོགས་ཆུང་ཞིག་གིས། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཐོག་མར་ཁྱབ་གདལ་འགྲོ་བའི་སྐབས་རྒྱ་ནག་གིས་སྟངས་འཛིན་འགོག་སྲུང་ལེགས་པོ་མ་བྱས་པ་དང་། དེ་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དུས་ཐོག་ཏུ་ཉེན་བརྡ་མ་བཏང་བར་སྐྱོན་བརྗོད་བྱས་འདུག

ནེའུ་ཟི་ལན་ཌི་(New Zealand)ཡི་སྲིད་བློན་ཟུར་པ་ཧེ་ལནཁི་ལར་ཁི་((Helen Clark)དང་། ལེ་བྷི་རི་(Liberia)ཡི་སྲིད་འཛིན་ཟུར་པ་ཨི་ལནཇོ་སོན་(Ellen Johnson)གཉིས་ཀྱིས་འགོ་ཁྲིད་པའི་ནད་ཡམས་ཞིབ་འཇུག་ཚོགས་ཆུང་དེས་ཕྱི་ཟླ་ ཨ་རིའི་ཚེས་ ༡༨ རེས་གཟའ་ཟླ་བའི་ཉིན་བཏོན་པའི་སྙན་ཐོ་དེའི་ནང་། རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གཉིས་ཀྱིས་ནད་ཡམས་སྔོན་འགོག་ཐད་ནས་འཐུས་ཤོར་བཏང་ཡོད་པས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སྒྱུར་བཅོས་གཏོང་དགོས་པའི་སྐུལ་མ་བྱས་འདུག

ཆེད་ལས་མཁས་པ་ཚོས་བཏོན་པའི་སྙན་ཐོ་དེའི་ནང་།༢༠༢༠་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གི་རྒྱལ་ཡོངས་དང་ས་གནས་འཕྲོད་བསྟེན་ལས་ཁུངས་དག་གིས་བདེ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ལེགས་པོ་ཞིག་བསྒྲུབས་མེད་པ་དེ་གསལ་པོ་ཆགས་ཡོད་ཅེས་བཀོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ལོ་སྨད་དུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་(Wuhan)ནས་ཐོག་མར་བྱུང་བའི་ནད་ཡམས་དེ་ད་ལྟ་འཛམ་གླིང་ཁྱོན་དུ་ཁྱབ་གདལ་ཕྱིན་ནས་མི་ས་ཡ་ ༩༥ ལྷག་ལ་ཕོག་པ་དང་། ས་ཡ་ བརྒལ་བ་ཞིག་རྐྱེན་ལམ་དུ་ཕྱིན་ཟིན་པའི་ཐོག ནད་པའི་གྲངས་ཚད་དང་། ནད་ཡམས་ཀྱི་ཁྱབ་ཚད་ཀྱང་མུ་མཐུད་ཇེ་ཆེར་འགྲོ་བཞིན་པ་མ་ཟད། ནད་འབུ་དེའི་རིགས་རྒྱུད་གསར་པ་འགའ་ཡང་སྐྱེ་འཕེལ་འབྱུང་བཞིན་ཡོད། ཡིན་ན་ཡང་། རྒྱལ་སྤྱིིའི་ཚན་རིག་པ་ཚོས་ད་དུང་ཡང་ནད་ཡམས་དེའི་འབྱུང་ཁུངས་དངོས་གང་ཡིན་ཁ་ཚོན་ཆོད་པོ་ཞིག་ཤེས་རྟོགས་ཐུབ་མེད་པ་དང་། དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་རྒྱ་ནག་གིས་ ༢༠༢༡ ལོའི་ཕྱི་ཟླ་ ཚེས་ ༡༤ བར་དུ་རྒྱལ་སྤྱིའི་ཚན་རིག་པ་རྣམས་ཝུའུ་ཧན་གྲོང་ཁྱེར་དུ་ནད་ཡམས་བརྟག་དཔྱད་བྱེད་པར་ཡོང་དུ་མ་བཅུག་པས་ཡིན།

རེས་གཟའ་ཟླ་བའི་ཉིན་བཏོན་པའི་སྙན་ཐོ་དེའི་ནང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ ༢༠༡༩ ལོའི་ཕྱི་ཟླ་ ༡༢ ཀྱི་སྨད་དུ་ནད་ཡམས་གསར་པ་དེའི་སྐོར་ཡར་ཞུ་བྱུང་ན་ཡང་། ལྷན་ཚོགས་ཀྱིས་ ༢༠༢༠ ལོའི་ཕྱི་ཟླ་ ཚེས་ ༣༠ བར་དུ་རྒྱལ་སྤྱིའི་རིང་བཞིན་གྱི་ཛ་དྲག་ཡིན་པ་ཁྱབ་བསྒྲགས་མ་བྱས་པར་བཞག་པ་དེར་སྐྱོན་བརྗོད་བྱས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ ༢༠༢༠ ལོའི་ཕྱི་ཟླ་ ཚེས་ ༣༠ བར་དུ་འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་(Pandemic)ཤིག་ཡིན་པ་མ་བསྒྲགས་པ་དེ་དོ་ནན་དུ་བརྗོད་འདུགསྐབས་དེར་འཛམ་གླིང་ཁྱོན་གྱི་ནད་པའི་ཁ་གྲངས་འབུམ་ ལ་ཉེ་བ་མ་ཟད། མི་ ,༠༠༠ ལྷག་ཅིག་ཤི་ཟིན་ཡོད།

སྲིད་འཛིན་ཊོམ་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་རྒྱ་ནག་ལ་ཕྱོགས་པ་དང་། རྒྱ་ནག་གི་ཆེད་དུ་ལས་དོན་སྒྲུབ་བཞིན་ཡོད་པའི་ཉེས་འཛུགས་དང་། ལྷན་ཚོགས་དེར་རོགས་དངུལ་གཏོང་མཚམས་འཇོག་རྒྱུའི་འཇིགས་སྐུལ་སོགས་གནང་ཡོད་ལ། དེ་བཞིན་ཨོ་སི་ཁྲུ་ལིས་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ལ་རང་དབང་ལྡན་པའི་ངང་ནས་ཞིབ་འཇུག་དགོས་པའི་དགོས་འདོན་བཏོན་པར། རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་དང་བྱ་སྤྱོད་སྤེལ་ཡོད།

གསར་འགོད་པ་དཀོན་མཆོག་རབ་བརྟན།