རྒྱ་གཞུང་གིས་ཡུ་གུར་གྱི་བུད་མེད་ཤེས་ཡོན་ཅན་ཞིག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

ཡུ་གུར་མི་རིགས་ཡིན་པའི་བུད་མེད་ཤེས་ཡོན་ཅན་ཞིག་རྒྱ་ནག་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་འདུག བུད་མེད་དེས་ཡུ་གུར་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་ལས་དོན་མང་པོ་བརྩམས་མྱོང་འདུག་ལ། ཕྱི་རྒྱལ་གྱི་མཐོ་སློབ་གྲགས་ཅན་ཁག་ནང་གཏམ་བཤད་མང་པོ་གནང་མྱོང་བའི་ཤེས་ཡོན་ཅན་ཞིག་ཡིན་འདུག
ཕྱི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལ། ཡུ་གུར་གྱི་བུད་མེད་(Rahile Dawut)ཟེར་བའི་བུད་མེད་ཤེས་ཡོན་ཅན་དེ་ཕྱི་ལོ་༢༠༡༨ སྔོན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོ་ནས་མོ་བཙོན་འཇུག་བྱས་པ་དེར་ཁྲིམས་གཏུག་བྱས་ཡོད་ཀྱང་། ད་བར་ཁྲིམས་ཐག་གཅོད་རོག་མ་བྱས་ནས་ད་བར་ལྷག་ཡོད་འདུག འོན་ཀྱང་། ཟླ་བ་སྔོན་མར་མོ་ཁྲིམས་གཏུག་ཤོར་ནས་ཚེ་བཙོན་ཁྲིམས་ཆད་ཕོག་ཡོད་པ་ཨ་རིའི་ནང་རྟེན་གཞི་བྱས་པའི་(Dui Hua Foundation ) ཟེར་བའི་རང་དབང་འཐབ་རྩོད་པའི་ཚོགས་པ་དེ་ཡིས་བརྗོད་ཡོད་འདུག ད་ལྟ་རང་ལོ་༥༧ ཡིན་པའི་བུད་མེད་དེ་ཡིས་རྒྱ་ནག་གཞུང་ལ་ཁ་ཆེ་ཡུ་གུར་མི་རིགས་ལ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་གྱི་འདུག་ཅེས་སྐྱོན་བརྗོད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་མོ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚེ་གཏོང་གི་འདུག་ཟེར་ནས་བཙོན་འཇུག་བྱས་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བརྗོད་དོན་ལ། ལོ་ཁ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་ཁ་ཆེའི་མི་རིགས་ས་ཡ་འགའ་ཤས་ལག་ཤེས་སྦྱོང་བརྡར་བྱེད་ཀྱི་ཡོད་ཟེར་ནས་བཙོན་འཇུག་བྱས་ཡོད་པར་རྗོད་ཀྱི་ཡོད་འདུག (Dui Hua Foundation)ཟེར་བའི་ཚོགས་པ་དེའི་འགན་འཛིན་(John Kamn )ཟེར་བ་དེ་ཡིས་བརྗོད་དོན་ལ། བུད་མེད་ཤེས་ཡོན་ཅན་སློབ་དཔོན་(Rahile Dawut )འཛིན་བཟུང་བྱས་པ་ནི་ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་ཁྲོད་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། རྒྱ་གཞུང་ནས་ཁོང་མོ་གང་མགྱོགས་གློད་ནས་ཁྱིམ་མི་ལྷན་འཛོམས་ཡོང་ཐུབ་པ་ཞིག་བྱེད་དགོས་ཞེས་རྗོད་ཀྱི་ཡོད་འདུག བུད་མེད་ཤེས་ཡོན་པ་དེའི་བུ་མོ་(Akeda Pulati )བརྗོད་དོན་ལ། ཁོང་མོ་རང་གི་ཨ་མར་རྟག་ཏུ་སེམས་ཁྲལ་ཡོད་པ་དང་། ནག་ཉེས་གང་ཡང་མེད་པའི་ངའི་ཨ་མ་ཁོང་ཚེ་གང་རྒྱ་ནག་གི་བཙོན་ནང་སྡོད་དགོས་ཁེལ་གྱི་རེད་བསམ་ནས་བཟོད་མི་ཐུབ་པའི་སེམས་ལ་སྡུག་བསྔལ་ཡོང་གི་འདུག ངས་རྒྱ་ནག་གཞུང་ལ་བརྗོད་འདོད་པ་ཞིག་ལ་ཁྱོད་ཚོས་སྙིང་རྗེ་སྒོམ་ནས་ངའི་ཨ་མ་གློད་རོགས་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག བུད་མེད་ཤེས་ཡོན་ཅན་དེ་ཕྱི་ལོ་༢༠༡༨ ཟླ་བ་༡༢ ནང་སྔོན་དེར་འཛིན་བཟུང་བྱས་ཡོད་པ་དང་། ༢༠༡༨ ལོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་གྱི་ཁ་བྲལ་བ་རེད་ཅེས་གསང་བའི་ཁྲིམས་ཐག་བཅད་ཡོད་པར་བརྟེན། ཤིན་ཅང་གི་ཁྲིམས་ཁང་ཟེར་བའི་ནང་ཁྲིམས་གཏུག་བྱས་ཡོད་འདུག ཁོང་མོ་འཛིན་བཟུང་མ་བྱས་སྔོན་དུ་(Xinjiang Universty College of Humanities )ཟེར་བའི་མཐོ་སློབ་དུ་ཡུ་གུར་མི་རིགས་ཀྱི་རིག་གཞུང་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད་འདུག ཁོང་མོ་ཡུ་གུར་གྱི་རིག་གཞུང་ཐོག་མཁས་དབང་ཡིན་འདུག་པར་བརྟེན། ཨ་རི་དང་དབྱིན་ཡུལ་གྱི་མཐོ་སློབ་གྲགས་ཅན་(Harvard)དང་( Cambridge)མཐོ་སློབ་དེ་དག་ནང་གཏམ་བཤད་མང་པོ་བྱས་མྱོང་ཡོད་འདུག (Dui Hua) ཟེར་བའི་ཚོགས་པ་དེས་བརྗོད་དོན་ལ་ཁོང་མོ་གཙོས་པའི་ཁ་ཆེ་ཡུ་གུར་མི་རིགས་ཀྱི་ཤེས་ཡོན་པ་མང་པོ་ཞིག་ཕྱི་ལོ་༢༠༡༦ ནང་འཛིན་བཟུང་བྱས་ཡོད་པར་བརྗོད་འདུག
ད་ཆར་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་(Human Rights Group Amnesty)དང་(Human Rights Watch)བཅས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་ཡོད་འདུག རྒྱ་ནག་གཞུང་གིས་བརྗོད་པའི་ཤིན་ཅང་མི་རིགས་རང་སྐྱོང་ཁུལ་ཟེར་བ་དེའི་ནང་ཁྱོན་ཁ་ཆེ་ཡུ་གུར་མི་རིགས་ས་ཡ་༡༢ ཙམ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།