རྒྱ་ནག་གི་ཉ་འཛིན་གྲུ་གཟིངས་ལ་མེ་མདའ་བརྒྱབ་འདུག

ཨིན་ཌོ་ནི་ཤི་ཡའི་མཚོ་དམག་གིས་རྒྱ་ནག་གི་ཉ་འཛིན་གྲུ་གཟིངས་ལ་མེ་མདའ་བརྒྱབ་ནས། ཕྱོགས་གཉིས་བར་ཕན་ཚུན་སྐྱོན་བརྗོད་བྱེད་བཞིན་འདུག

13479876_1192465087444025_580367965_nཟླ་འདིའི་ཚེས་༡༧ ཨིན་ཌི་ནི་ཤི་ཡའི་མཚོ་དམག་གིས། ཕྱིའི་རྒྱལ་ཁབ་ཀྱི་གྲུ་གཟིངས་༡༢ ཀྱིས་རྒྱལ་ཁབ་དེའི་མངའ་ཁོངས་སུ་ཡོད་པའི་ན་ཊུ་ན་གླིང་ཕྲན་གྱི་མཐའ་འཁོར་མཚོའི་ནང་དུ་ཉ་འཛིན་བཞིན་ཡོད་པ་ཤེས་ཏེ། དེ་གར་སླེབས་སྐབས་ཚང་མ་བྲོས་ཡོད་འདུག་པ་དང། ཉེན་བརྡའི་མེ་མདའ་བརྒྱབ་ཀྱང་གྲུ་གཟིངས་གཅིག་ལས་གཞན་རྣམས་བྲོས་ནས་ཐར་ཡོད་འདུག གྲུ་གཟིངས་དེ་ལས་ལས་མི་བདུན་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༩ ཉིན་རྒྱ་ནག་གི་ཕྱི་འབྲེལ་ལས་ཁང་གིས་རྒྱ་མི་ཉ་པ་གཅིག་ལ་རྨས་སྐྱོན་ཕོགས་ཡོད་པ་དང། མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ། དེ་བཞིན་རྒྱ་ནག་གིས་དྲག་པོའི་ཐབས་ལམ་དེ་འདྲ་ལ་ངོ་རྒོལ་ཡོད་སྐོར་བརྗོད་ཡོད་འདུག་ཀྱང། ཨིན་ཌོ་ནི་ཤི་ཡའི་མཚོ་དམག་གིས་ཉ་པ་འཛིན་བཟུང་བྱས་པ་ལས། རྨས་སྐྱོན་ཕོགས་ཡོད་སྐོར་བརྗོད་མི་འདུག

ཨིན་ཌི་ནི་ཡའི་མཚོ་དེ་ལྷོ་རྒྱ་ནག་རྒྱ་མཚོའི་མཐའ་མཚམས་སུ་ཡོད་པ་དང། རྒྱ་ནག་གིས་ཁུལ་དེར་བདག་དབང་གི་རྩོད་ལེན་བྱེད་ཀྱི་མེད་ཀྱང། ཁུལ་དེར་རྒྱ་ནག་གི་ཉ་འཛིན་གྲུ་གཟིངས་གིས་ཁྲིམས་འགལ་ཐོག་ཉ་འཛིན་བྱ་སྤྱོད་སྤེལ་ནས། ལོ་འདིའི་ཟླ་༣ པ་ནས་ད་བར་ཕྱོགས་གཉིས་བར་ཐེངས་གསུམ་ཙམ་གདོང་ཐུག་བྱུང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།