རྒྱ་ནག་ནང་ཕྲུ་གུའི་སྐྱེས་གྲངས་ཉུང་དུ་དང་ལས་མེད་མང་དུ་འགྲོ་བཞིན་པ།

ད་ཆར་རྒྱ་ནག་ནང་ཕྲུ་གུའི་སྐྱེས་གྲངས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་ལས་མེད་ཀྱི་གྲངས་ཀ་དེ་སྔ་ལས་ཇེ་མང་དུ་ཕྱིན་ནས་རྒྱ་ནག་གི་ད་ལྟའི་དཔལ་འབྱོར་གྱི་གནས་བབ་དེ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་རྟོགས་ཐུབ་ཀྱི་ཡོད་འདུག
ཕྱི་ཚེས་༡༧ ཉིན་ཨེ་ཤེ་ཡའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨེ་ཤེ་ཡའི་དུས་བབ་ཀྱིས་རྒྱ་ནག་ནང་(the National Bureau of Statisti)་ཡི་གྲངས་རྩིས་ཀྱི་པར་རིས་བཞི་གཞི་ལ་བཞག་ནས་ད་ལྟའི་རྒྱ་ནག་གི་གནས་བབ་དང་མ་འོངས་པའི་གནས་བབ་སྐོར་གསར་འགྱུར་སྤེལ་དོན་ལ། པར་རིས་དེ་དག་ལས་པར་རིགས་དང་པོ་དེར་ཕྱི་ལོ་༡༩༩༠ ནས་༢༠༢༠ བར་གྱི་རྒྱ་ནག་ནང་གི་ཕྲུ་གུའི་སྐྱེས་གྲངས་དེ་བཀོད་འདུག་ལ། པར་རིས་གཉིས་པར་ལས་མེད་ཀྱི་གྲངས་ཀའི་སྐོར་བཀོད་ཡོད་པ་དང་། པར་རིས་གསུམ་པར་ད་ལྟའི་ཆར་རྒྱ་ནག་ནང་མཐོ་སློབ་ཐོན་མཁན་གྱི་སློབ་མའི་གྲངས་ཀ པར་རིས་བཞི་པའི་ནང་ད་ལྟའི་སྤྱི་ཡོངས་ཀྱི་ལས་རིགས་འདྲ་མིན་ནང་མཐོ་སློབ་ཐོན་མཁན་ག་ཚོད་ཡོད་མེད་བཅས་ཡིན་འདུག པར་རིས་དང་པོའི་ནང་ཕྱི་ལོ་༢༠༡༦ ནང་རྒྱ་ནག་གི་ཕྲུ་གུའི་སྐྱེས་གྲངས་ནི་༢་༡ ཡིན་འདུག་པ་དང་། ཕྱི་ལོ་༢༠༡༦ ལོར་༡་༣ ཕྲུ་གུའི་སྐྱེས་གྲངས་ཉུང་དུ་འགྲོ་འགོ་བཙུགས་ཡོད་པ་མ་ཟད། ལོ་ལྔའི་རྗེས་ཏེ་ཕྱི་ལོ་༢༠༢༠ ནང་༡་༡ དུས་རྒྱུན་ལས་ཕྱེད་ཀ་ཉུང་དུ་ཕྱིན་ནས་ལྷོ་ཀོ་རེ་ཡ་ལས་ཏོག་ཙམ་མང་བ་ལས་ཡོད་མི་འདུག པར་རིས་གཉིས་པའི་ནང་རྒྱ་ནག་ནང་ལས་མེད་ཀྱི་གྲངས་ཀ་ག་ཚོད་ཡོད་མེད་ཕྱི་ལོ་༢༠༡༨ ནས་གྲངས་ཐོ་བཏོན་འགོ་བཙུགས་ཡོད་འདུག་ལ། ད་བར་ལས་མེད་ཀྱི་གྲངས་ཀ་དེ་མཐོན་པོ་ཆགས་ནས་ད་ཆར་བརྒྱ་ཆ་༢༠ ལ་སླེབས་ནས་ལས་མེད་ཀྱི་གྲངས་ཀ་ཧ་ཅང་མཐོན་པོ་ཡོད་འདུག

འདི་ལོའི་ཕྱི་ཟླ་༦ ནང་རྒྱ་ནག་ནང་གི་ལས་མེད་ཀྱི་གྲངས་ཀ་དེ་བརྒྱ་ཆ་༢༡་༣ ཆགས་ནས་མ་འོངས་པའི་རྒྱ་ནག་ནང་ལ་མི་མེད་ནས་རྒྱལ་ཁབ་སྲིད་འབྱོར་རིག་གསུམ་ལ་དཀའ་ངལ་འཕྲད་རྒྱུ་དང་། དེ་བཞིན་ད་ལྟའི་མི་མང་གི་འཚོ་བ་ལ་ཡང་ཧ་ཅང་དཀའ་ངལ་འཕྲད་ཀྱི་ཡོད་འདུག དེ་ནས་པར་རིས་གསུམ་པར་རྒྱ་ནག་ནང་ད་ལྟའི་ཆར་མཐོ་སློབ་ནས་ཐོན་མཁན་གྱི་སློབ་མ་གྲངས་ཀ་ཧ་ཅང་མང་དུ་ཕྱིན་ཡོད་འདུག་པ་དང་། ཕྱི་ལོ་༢༠༠༠ ནང་སློབ་མ་རང་ལོ་༢༤ འོག་དང་། ༢༤ ཡིན་མཁན་བརྒྱ་༦ དང་། སློབ་མ་ས་ཡ་༡ ཐོན་ཡོད་འདུག ཕྱི་ལོ་༢༠༢༣ ནང་རང་ལོ་༢༣ འོག་དང་། ༢༣ ཡིན་མཁན་ཁྱོན་བརྒྱ་ཆ་༦༣ དང་སློབ་མ་ས་ཡ་༡༡་༦ ཐོན་ཡོང་གི་ཡོད་འདུག ད་ལྟའི་ཆར་རྒྱ་ནག་ནང་བཟོ་གྲྭ་དང་ཚོང་གཉེར་ཁང་མང་པོའི་ནང་ལས་མི་ཡོད་ཀྱང་། མ་འོངས་པར་ཁྱོན་ལོ་རེའི་ནང་མཐོ་སློབ་ཐོན་མཁན་གྱི་བརྒྱ་ཆ་༧༠ ཟིན་གྱི་ཡོད་ཀྱང་། ལས་མེད་ཀྱི་གྲངས་ཀ་སྔར་ལས་མང་དུ་ཕྱིན་ནས། མི་ཞིག་རང་ལ་གཏན་འཇགས་ཀྱི་ལས་ཀ་མེད་ན་ཁྱིམ་བཟུང་ནས་བུ་ཕྲུག་སྐྱེ་རྒྱུ་འཕྱི་བོ་ཆགས་པ་དང་། བུ་ཕྲུག་སྐྱེས་ཀྱང་ཉུང་དུ་སྐྱེད་རྒྱུ་ཡོད་འདུག ད་ལྟར་གཞོན་སྐྱེས་མཐོ་སློབ་ཐོན་མཁན་མང་པོ་ཡོད་ཀྱང་། ཕྲུ་གུ་སྐྱེས་གྲངས་ཧ་ཅང་ཉུང་དུ་ཕྱིན་ནས་མ་འོངས་པའི་ལོ་༢༠ དང་༣༠ རྗེས་སུ་ད་ལྟའི་གཞོན་སྐྱེས་རྣམས་རྒན་འཁོགས་ཆགས་པས། སྐབས་དེ་དུས་གཞོན་སྐྱེས་ཀྱི་གྲངས་ཀ་ཉུང་དུ་ཕྱིན་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། དམག་དོན་སོགས་སྤྱི་ཡོངས་ཀྱི་སྤྱི་ཚོགས་གསར་སྐྲུན་བྱེད་མཁན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག

པར་རིས་བཞི་པའི་ནང་སྤྱི་ཡོངས་ཀྱི་མཐོ་སློབ་ཐོན་མཁན་གྱི་སློབ་མ་རྣམས་ལས་རིགས་འདྲ་མིན་ནང་ག་ཚོད་ཡོད་མེད། ད་ལྟའི་ཆར་རྒྱ་ནག་ནང་མཐོ་སློབ་འགྲོ་མ་མྱོངས་མཁན་རྣམས་ཀྱིས་བྱེད་ཐུབ་པའི་ལས་ཀ་མང་པོ་ཞིག་མཐོ་སློབ་ཐོན་མཁན་རྣམས་ཀྱིས་བྱེད་ཀྱི་ཡོད་འདུག་པར་བརྟེན། ལས་རིགས་འདྲ་མིན་ནང་མཐོ་སློབ་ཐོན་མཁན་གྱི་ལས་མིའི་བརྒྱ་ཆ་༧༠ ཟིན་གྱི་ཡོད་འདུག ད་ལྟའི་ན་གཞོན་ཁྲོད་རང་ལ་ལས་ཀ་བརྟན་པོ་དང་འཚོ་བ་བརྟན་པོ་ཞིག་མེད་པའི་རྐྱེན་གྱིས་གཞོན་སྐྱེས་ཁྲོད་ཕྲུ་གུ་སྐྱེ་མཁན་ཉུང་དུ་ཕྱིན་ནས། མ་འོངས་པའི་ལོ་བཅུ་ཕྲག་འགའ་ཤས་རྗེས་སུ་ལས་རིགས་འདྲ་མིན་ནང་ལས་མི་དགོས་ཀྱང་། སྐབས་དེ་དུས་ན་གཞོན་ལས་མི་མེད་ནས་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།