རྗོ་བྷའེ་ཌན་གྱི་དམ་འབུལ་མཛད་སྒོར་ཐའེ་ཝན་གྱི་གཞུང་ཚབ་མགྲོན་འབོད་བྱས་འདུག
ཨ་རིའི་སྲིད་འཛིན་གསར་པ་རྗོ་བྷའེ་ཌན་གྱི་དམ་འབུལ་མཛད་སྒོར་ཐའེ་ཝན་གྱི་གཞུང་ཚབ་མགྲོན་འབོད་བྱས་ཡོད་འདུག་པ་དང་། དེ་ལ་བརྟེན་ནས་ཐའེ་ཝན་དང་ཨ་རིའི་འབྲེལ་ལམ་བརྟན་པོ་གནས་རྒྱུ་ཡིན་པར་རེ་བ་བྱེད་མཁན་མང་པོ་ཡོད་འདུག
 ཟླ་༡ པོའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཊོམ་སྲིད་གཞུང་གི་ལས་ཡུན་འཁྱུར་ལ་ཉེ་བའི་སྐབས་སུ། ཐའེ་ཝན་ནང་དུ་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་དེ་ཊོམ་སྲིད་གཞུང་ལྟར་མུ་མཐུད་ནས་སྲིད་གཞུང་གསར་པའི་སྐབས་སུ་རྒྱུན་སྐྱོང་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་སེམས་འཚབ་དང་དོགས་སློང་བྱེད་མཁན་མང་པོ་ཡོད་པ་མ་ཟད། ཐའེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པ་ཨ་རིའི་སྤྱི་མཐུན་ཚོགས་པར་དམིགས་སུ་བཀར་ནས་བརྟེན་རྒྱུ་མང་དྲགས་ཡོད་པས། མང་གཙོ་ཚོགས་པའི་སྲིད་གཞུང་གསར་པའི་སྐབས་སུ་ཐའེ་ཝན་ལ་རྒྱབ་སྐྱོར་མུ་མཐུད་གནས་རྒྱུ་ཁག་པོ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་ཚེས་༢༠ ཉིན་སྲིད་འཛིན་གསར་པ་རྗོ་བྷའེ་ཌན་གྱི་དམ་འབུལ་མཛད་སྒོར་ཨ་རིར་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་ལྕམ་(Hsiao Bi-khim) མགྲོན་འབོད་བྱས་འདུག་པ་དང་། མོ་མཉམ་ཞུགས་བྱས་ཡོད་པ་རེད། དེ་ནི་ཐའེ་ཝན་གྱི་སྐུ་ཚབ་གཅིག་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་གཞུང་འབྲེལ་ཐོག་ནས་མགྲོན་འབོད་བྱས་པ་ཐེངས་དང་པོ་ཡིན་སྐོར་བརྒྱུད་ལམ་ཁག་ནས་བརྗོད་བཞིན་འདུག་པ་དང་། མགྲོན་འབོད་དེས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་མུ་མཐུད་ནས་བརྟན་པོ་གནས་རྒྱུ་ཡིན་པའི་བརྡ་ལན་ཡང་ངོས་འཛིན་བྱེད་བཞིན་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊོམ་གྱི་སྲིད་གཞུང་སྐབས་སུ། ཐའེ་ཝན་ལ་མཚོན་ཆ་འཚོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཨ་རིའི་མཐོ་རིམ་ལས་བྱེད་དང་སྐུ་ཚབ་ཚོགས་པ་ཁག་ཅིག་ཐའེ་ཝན་བཏང་ནས་རྒྱ་ནག་ཁོང་ཁྲོ་ལངས་སུ་བཅུག་ཡོད། དེ་བཞིན་ཨ་རི་དང་ཐའེ་ཝན་གཉིས་བར་འབྲེལ་ལམ་ཐོག་བཀག་འགོག་ཚང་མ་མེད་པ་བཟོས་ཡོད་པས། ཐའེ་ཝན་ནང་དུ་སྲིད་འཛིན་ཊོམ་ལ་དགའ་མོས་བྱེད་མཁན་མང་པོ་ཡོད་པ་རེད། འོན་ཀྱང་རྗོ་བྷའེ་ཌན་གྱི་སྲིད་གཞུང་གསར་པས་ཨ་རི་དང་ཐའེ་ཝན་གྱི་འབྲེལ་ལམ་ལ་སྲིད་བྱུས་གང་འདྲ་འཛིན་གྱི་ཡོད་མེད་ཐོག་སེམས་འཚབ་བྱེད་མཁན་མང་པོ་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་སྲིད་གཞུང་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་མགྲིན་ཚབ་པས། ཨ་རིས་ཐའེ་ཝན་དང་འབྲེལ་ལམ་ཐོག་ཆོད་སེམས་བརྟན་པོ་ཡོད་པ་དང་། སྲིད་འཛིན་བྷའེ་ཌན་གྱིས་ཐའེ་ཝན་ཚུད་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་མཐུན་ཕྱོགས་དང་གྲོགས་པོ་ཡིན་པའི་རྒྱལ་ཁབ་རྣམས་ཀྱི་རྒྱབ་ཏུ་ལངས་ནས། ཐུན་མོང་གི་ཡར་རྒྱས་གོང་འཕེལ་དང་བདེ་འཇགས། རིན་ཐང་གི་ལྟ་བ་བཅས་གོང་འཕེལ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
ཐའེ་ཝན་ཕྱི་སྲིད་ལས་ཁང་གིས་ཨ་རིའི་སྲིད་འཛིན་དམ་འབུལ་མཛད་སྒོའི་གྲ་སྒྲིག་ཚོགས་ཆུང་གིས་ཐེངས་དང་པོར་ཐའེ་ཝན་གྱི་སྐུ་ཚབ་མགྲོན་འབོད་བྱས་ཡོད་པ་དང་། དེས་ཕྱོགས་གཉིས་བར་ཐུན་མོང་གི་རིན་ཐང་ལྟ་བ་གཞི་ལ་བཞག་པའི་མཛའ་གྲོགས་བསྟན་ཡོད་པ་དང་། རིན་ཐང་གི་ལྟ་བ་དེ་དག་ནི་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཡིན་སྐོར་བརྗོད་འདུག
ཨ་རིར་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་པ་ལྕམ་(Hsiao Bi-khim) གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་བཞག་པའི་བརྙན་ཐུང་ཞིག་གི་ནང་དུ། མོས་ཐའེ་ཝན་གཞུང་དང་མི་མང་གི་སྐུ་ཚབ་བྱེད་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་ཚོར་བྱུང་བ་དང་། མང་གཙོ་ནི་ཁོང་ཚོའི་ཐུན་མོང་སྐད་ཡིག་ཡིན་པ་དང་རང་དབང་ནི་ཐུན་མོང་གི་དམིགས་ཡུལ་ཡིན་སྐོར་བརྗོད་འདུག ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་མོ་ལ་འཚམས་འདྲིའི་དགའ་བསུ་བྱས་ཏེ། ཕྱོགས་གཉིས་བར་མངའ་ཁུལ་གྱི་མང་གཙོ་དང་རང་དབང་། ཞི་བདེ་དང་བརྟན་ལྷིང་རྒྱུན་སྐྱོང་བྱེད་ཆེད་མཉམ་ལས་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
སྲིད་འཛིན་རྗོ་བྷའེ་ཌན་གྱི་འོས་གཞི་བཏོན་པའི་ཕྱི་སྲིད་དྲུང་ཆེ་(Antony Blinken) གྱིས་ཚེས་༡༩ ཉིན་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།