ལ་དྭགས་ས་ཁུལ་ལ་མངའ་སྡེའི་ཐོབ་ཐང་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག

ཉེ་ཆར་ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་འདུག་པ་དང་། ཟས་བཅད་ངོ་རྒོལ་དེའི་དགོས་འདུན་ནི་ལ་དྭགས་ལ་མངའ་སྡེ་ཞིག་གི་ཐོབ་ཐང་སྤྲོད་དགོས་པ་དེ་ཡིན་འདུག
ཕྱི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༩ ནང་དུ་ལ་དྭགས་དེ་ཀ་ཤི་མིར་ས་ཁུལ་ནས་ལོགས་སུ་ཐད་སྐྱོང་གི་ཐོབ་ཐང་སྤྲད་ཡོད་འདུག ༢༠༢༠ ལོར་ལ་དྭགས་ལ་རྒྱ་གར་གཞུང་གིས་ཁོར་ཡུག་དང་འབྲེལ་གནད་དོན་འགའ་ཤས་ཁས་ལེན་བྱས་ཡོད་འདུག་ཀྱང་། ཕྱིས་སུ་ཁས་ལེན་དེ་དག་སྒྲུབ་ཡོད་མི་འདུག་པར་བརྟེན། ལ་དྭགས་མི་མང་གིས་ཁས་ལེན་བྱས་པའི་གནས་དོན་དེ་དག་སྒྲུབ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག ལ་དྭགས་ནི་རྒྱ་གར་གྱི་ནུབ་བྱང་ས་ཁུལ་དུ་ཡོད་ཅིང་། ས་ཁུལ་དེའི་ནང་ཁ་ཆེ་དང་ནང་པ་གཉིས་ཀྱི་མི་རིགས་ཁྱོན་༣༠༠༠༠༠ ཙམ་ཡོད་འདུག་པ་དང་། ལ་དྭགས་ཀྱི་ས་ཁུལ་གླེ་རུ་ཡོད་པའི་མི་མང་མང་ཆེ་བ་ནི་ནང་པ་ཡིན་འདུག་ལ། ཀར་གྷེའི་ས་ཆ་མང་ཆེ་བ་ནི་ཁ་ཆེ་ཡིན་འདུག འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་། ལ་དྭགས་ཀྱི་མི་མང་གིས་ལ་དྭགས་ས་ཁུལ་ལ་ཐད་སྐྱོང་དགོས་པའི་དགོས་འདུན་བཏོན་ཡོད་པ་བཞིན། ཕྱི་ལོ་༢༠༡༩ ནང་མོ་དྷེ་གཞུང་གིས་རྒྱ་གར་གྱི་རྩ་ཁྲིམས་ནང་ཡོད་པའི་དོན་ཚན་༣༧༠ (Jammu )དང་ (Kashmir)གཉིས་ལ་མངའ་སྡེ་སྤྲད་པ་དེ་མེད་པ་བཟོས་ནས་ལ་དྭགས་དེ་(Jammu )དང་ (Kashmir)གཉིས་ལས་ལོགས་སུ་ཐད་སྐྱོང་ས་ཁུལ་ཞིག་ལ་བཟོས་ཡོད་འདུག ལོ་གཅིག་གི་རྗེས་སུ་ཀར་གྷེ་དང་གླེ་གཉིས་ཀྱིས་མཉམ་འབྲེལ་ཐོག་དབུས་གཞུང་ལ་ལ་དྭགས་མི་མང་གི་གནས་དོན་འགའ་ཤས་ཤིག་གི་དགོས་འདུན་འདོན་གྱི་ཡོད་འདུག བདུན་ཕྲག་སྔོན་མར་ལ་དྭགས་མི་མང་ཚོས་ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབས་ནས་ཀར་གྷེའི་ཁྲོམ་གཞུང་དུ་ལ་དྭགས་མི་མང་ཚོ་ལ་མངའ་སྡེའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་ཡོད་འདུག་ལ། བདུན་ཕྲག་འདིའི་ནང་དུ་ངོ་རྒོལ་བ་ཚོས་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཧིན་བོད་གཉིས་ཀྱི་ས་མཚམས་སུ་འགྲོ་རྒྱུ་ཡིན་འདུག


གླེ་ནང་པའི་འགོ་ཁྲིད་(Chhering Dorjey Lakrook)ཟེར་བ་ཞིག་གིས་ང་ཚོས་ལ་དྭགས་པ་ཚོ་ལ་གྲོས་ཚོགས་ལྡན་པའི་མངའ་སྡེ་ལོགས་སུ་དགོས་པའི་དགོས་འདུན་འདོན་གྱི་ཡོད་ཅེས་བརྗོད་འདུག ལ་དྭགས་པ་མང་ཆེ་བའི་འཚོ་རྟེན་ཞིང་ལས་ཡིན་འདུག་པར་བརྟེན། ཕྱི་ནས་མི་མང་གིས་ས་ཉོ་བ་དང་གནས་སྤོ་བྱེད་བཅུག་ན། ལ་དྭགས་ས་ཁུལ་དེའི་མི་མང་གི་འཚོ་གནས་དང་རིག་གཞུང་། ངོ་བོ་བཅས་ལ་དོ་ཕོག་འགྲོ་ཉེན་ཡོད་འདུག ཕྱི་ལོ་༢༠༢༣ ཟླ་བ་༤ ཚེས་༥ ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་འདས་པའི་ལོ་༥ ནང་ལ་དྭགས་ས་ཁུལ་ནང་ཕྱི་ཕྱོགས་ནས་མི་གཅིག་གིས་ཀྱང་ས་ཉོས་མེད་པ་དང་། ཚོང་གཉེར་ཁང་གཅིག་གིས་ཀྱང་མ་རྩ་འཛུགས་འཇོག་བྱས་ཡོད་མ་རེད་ཅེས་བརྗོད་འདུག འོན་ཀྱང་། ས་གནས་མི་མང་གིས་(Jammu)དང་(Kashmir)གཉིས་ནང་ཕྱི་ལོ་༢༠༢༠ ནས་༢༠༢༢ བར་ཕྱི་ཕྱོགས་ནས་ཡོང་བའི་མི་ཁྱོན་༡༨༠ ཡིས་ས་ཆ་ཉོས་ཡོད་པར་བརྗོད་འདུག ད་ལྟ་ལ་དྭགས་མི་མང་གི་མངོན་འདོད་ནི་ལ་དྭགས་ལ་མངའ་སྡེ་ཞིག་ལོགས་སུ་དགོས་པ་དང་། མི་མང་ཚོ་ལ་ལས་ཀའི་སྲུང་སྐྱོབ། ས་ཞིང་སྲུང་སྐྱོབ། རྒྱ་གར་གྲོས་ཚོགས་ནང་གླེ་དང་ཀར་གྷེ་གཉིས་ཀ་ལ་རྐུབ་བཀྱག་རེ་རེ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག དེ་བཞིན་ལ་དྭགས་མི་མང་རྣམས་ལ་རྒྱ་གར་གྱི་རྩ་ཁྲིམས་ནང་ཡོད་པའིི་(Sixth Schedule)ཟེར་བའི་ཐོབ་ཐང་དེ་རྩོད་ཀྱི་ཡོད་འདུག་ལ། ལ་དྭགས་ས་གནས་མི་མང་བརྒྱ་ཆ་༩༧ ཙམ་(Tribal)་ས་ཁུག་གི་མི་རིགས་ཡིན་འདུག་པས། ལ་དྭགས་མི་མང་རྣམས་ལ་ཐོབ་ཐང་དེ་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག (Sixth Schedule)ཟེར་བའི་ཐོབ་ཐང་དེ་ས་ཁུག་ལ་ཡོད་པའི་མི་རིགས་རྣམས་ལ་ཐོབ་ཐང་ཞིག་དང་། འཚོ་གནས་སྲུང་སྐྱོབ་བྱེད་ཆེད་ཀྱི་ཐོབ་ཐང་ངམ་ཁེ་ཕན་ཞིག་རེད་ཅེས། ཚེ་རིང་རྡོ་རྗེ་(Chhering Dorjey Lakrook)ཟེར་བ་དེ་ཡིས་བརྗོད་འདུག རྒྱ་གར་དབུས་གཞུང་གི་ནང་སྲིད་ལྷན་ཁང་གིས་ལ་དྭགས་ས་གནས་མི་མང་གི་མངོན་འདོད་སྐོར་གྲོས་བསྡུར་བྱེད་ཆེད་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ཡོད་འདུག་ཀྱང་། ཕན་ཐོགས་དེ་ཙམ་མི་འདུག་ཅེས་ས་གནས་མི་མང་གིས་རྗོད་ཀྱི་ཡོད་འདུག ས་གནས་དེའི་ན་གཞོན་རྣམས་ལ་ཡང་བློ་འཚབ་ཅིག་ཡོད་པ་ནི་རྒྱ་གར་གཞུང་གི་ལས་ཀ་མི་རག་པའི་དཀའ་ངལ་ཡོད་པ་དང་། ཕྱི་ལོ་༢༠༡༩ ནས་ད་བར་ལ་དྭགས་མི་མང་གཅིག་གིས་ཀྱང་རྒྱ་གར་གཞུང་གི་ལས་ཀ་རག་མྱོང་མེད་པའི་རྐྱེན་གྱིས་མ་འོངས་པར་ཕྱི་ཕྱོགས་ནས་ཡོང་བའི་མི་མང་གིས་ལས་ཀ་འཕྲོག་ཡོང་བསམ་པའི་བློ་འཚབ་ཡོད་པ་པདྨ་བསྟན་འཛིན་ཟེར་བ་ཞིག་གིས་བརྗོད་འདུག ད་ལྟ་རྒྱ་གར་དབུས་གཞུང་འཛིན་སྲིད་དོན་ཚོགས་པ་བྷི་ཇི་པི་(BJP)ཡི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལ་བྷི་བྷི་སི་ཡིས་དྲི་བ་དྲིས་ཡོད་འདུག་ཀྱང་། ཡ་ལན་གང་ཡང་བྱས་ཡོད་མི་འདུག
ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་དེ་སྔོན་ཕྱི་ལོ་༡༩༩༩ ནང་པ་ཀི་སི་ཐན་དང་རྒྱ་གར་གཉིས་དམག་འཁྲུག་ཤོར་དུས། ལ་དྭགས་མི་མང་གིས་རྒྱ་གར་དང་མི་རྣམས་ལ་ཟས་གོས་ཀྱི་རོགས་རམ་དང་བླངས་ཐོག་ནས་བྱས་ཡོད་ཀྱང་། ད་ཆར་ལ་དྭགས་མི་མང་གི་དགོས་འདུན་ལ་ཡ་བྱེད་མཁན་མི་འདུག་ཅེས་བརྗོད་འདུག ལ་དྭགས་ས་ཁུལ་དེ་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀྱི་བར་ལ་ཡོད་པར་བརྟེན། ལ་དྭགས་མི་མང་གི་བདེ་འཇགས་དང་འཚོ་གནས་ལྟ་སྐྱོང་བྱེད་རྒྱུ་ནི་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།