སྐུ་ཕྱྭའི་ཞབས་རིམ།
ཟླ་འདིའི་ཚེས་༡༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གསར་འབྱོར་སྐྱིད་སྡུག་གི་གོ་སྒྲིག་འོག ༧གོང་ས་མཆོག་གི་སྐུའི་བླ་གཟའ་ལྷག་དཀར་ཉིན་དང་སྟབས་བསྟུན། སྐུའི་ཞབས་རིམ་གསོག་སྒྲུབ་དང་འབྲེལ་ཆོས་ཕྱོགས་ཀྱི་ལས་འགུལ་ཞིག་མོན་གྷོ་ས་གནས་དུས་འཁོར་ཕོ་བྲང་དུ་སྤེལ་ཡོད་པ་རེད།
 དེ་ཡང་ཉིན་དེའི་ཞོགས་པ་མོན་གྷོ་ས་གནས་གསར་འབྱོར་སྐྱིད་སྡུག་གི་ཁོངས་གཏོགས་མི་མང་ཡོངས་ཀྱི་སོ་སོའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས། སྐུའི་ཞབས་རིམ་གསོག་སྒྲུབ་བྱེད་སར་ཚང་འཛོམས་བྱས་ཡོད་པ་རེད། ཐེངས་འདིའི་དམིགས་བསལ་སྐུའི་ཞབས་རིམ་གསོག་སྒྲུབ་བྱེད་དགོས་སྐོར་དང་འབྲེལ་གསར་འབྱོར་སྐྱིད་སྡུག་གི་བརྒྱ་དཔོན་བཀྲིས་ཀྱིས་འགྲེལ་བརྗོད་གནང་དོན།   རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་འཛམ་གླིང་ས་གནས་གང་སར་གནས་བཞུགས་སྐུ་ཚབ་དོན་གཅོད་རྣམ་པ་དང་། ས་གནས་འགོ་འཛིན་རྣམ་པ་བཅས་སུ་ལྷ་བླའི་བཀའ་ལུང་དགོངས་དོན་བཞིན་བོད་བསྟན་སྲིད་བདེ་ཐབས་དང་བོད་འབངས་བསོད་ནམས་གསོག་སླད། ལྷག་པར་དུ་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱལ་བརྟན་ཆེད་བཅས་སུ་བོད་མི་མི་རེ་ངོ་རེ་ནས་ཚེས་བཟང་དང་བསྟུན་གཟུངས་སྔགས་མ་ཎི་ཡིག་དྲུག་གསོག་སྒྲུབ་དང་། བོད་སྐྱོང་ལྷག་སྲུང་འཕྲིན་སྐུལ་དང་བསངས་གསོལ་སྐུ་རླུང་དར་འཛུགས་སོགས་ཀྱི་གྲུབ་ཐོ་གཙང་གསལ་དགོས་སྐོར་བཅས་ཀྱི་བཀའ་ཁྱབ་ཕེབས་དོན་བཞིན། བོད་མི་སྤྱི་མཚུངས་ལྟར་མོན་གྷོ་ས་གནས་གསར་འབྱོར་སྐྱིད་སྡུག་གི་ངོས་ནས་དམིགས་བསལ་༧གོང་ས་མཆོག་གི་སྐུའི་བླ་གཟའ་ལྷག་དཀར་ཉིན་དང་སྟབས་བསྟུན་ནས་མ་ཎི་དང་སྒྲོལ་མ་ཆེ་ཆུང་སོགས་གསོག་སྒྲུབ་ཀྱི་ཆོས་ཕྱོགས་ཀྱི་ལས་འགུལ་འདི་ལྟར་སྤེལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།