སྤྱི་ཚོགས་དྲ་རྒྱ་ཁག་ཅིག་ཐོ་འགོད་མ་བྱས་པའི་རྐྱེན་གྱིས་བལ་ཡུལ་གཞུང་གིས་བཀག་སྡོམ་བྱས།

ཉེ་ཆར་བལ་ཡུལ་གཞུང་གིས་དེང་སྐབས་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་རྒྱ་མང་པོ་ཞིག་གི་བདག་པོས་བལ་ཡུལ་གཞུང་ལ་ཐོ་འགོད་མ་བྱེད་པའི་དབང་གིས་བཀག་འགོག་བྱས་ཡོད་འདུག། སྤྱི་ཚོགས་དྲ་རྒྱ་དེ་དག་བཀག་འགོག་བྱས་པ་ནི་སྨྲ་བརྗོད་རང་དབང་ལ་དོ་ཕོག་ཆེན་པོ་འགྲོ་ཉེན་ཡོད་པར་བརྗོད་མཁན་མང་པོ་ཡོད་འདུག 

པར། RECREATION HOLIDAYS

ཕྱི་ཚེས་༦ ཉིན་(GADETS NOW) ཞེས་པའི་བརྒྱུད་ལམ་ནས་གནས་ཚུལ་སྤེལ་དོན་ལ། དེང་སྐབས་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་རྒྱ་མང་པོ་ཞིག་བལ་ཡུལ་ནང་བཀག་འགོག་བྱས་ཡོད་འདུག། བལ་ཡུལ་གཞུང་གིས་བརྗོད་དོན་ལ། སྤྱི་ཚོགས་དྲ་རྒྱ་དེ་དག་བཀག་འགོག་བྱས་དགོས་དོན་ནི་སྤྱི་ཚོགས་དྲ་རྒྱ་དེ་དག་གི་བདག་པོ་ཚོས་བལ་ཡུལ་གཞུང་ལ་ཐོ་འགོད་བྱས་མེད་པའི་དབང་གིས་ཡིན་པ་དང་། བལ་ཡུལ་གཞུང་གི་འབྲེལ་མཐུད་བློན་ཆེན་(Prithvi Subba Gurung ) གྱིས་ང་ཚོས་སྤྱི་ཚོགས་དྲ་རྒྱ་དེ་དག་ཐོ་འགོད་བྱེད་དགོས་པའི་བརྡ་ཁྱབ་ཐེངས་མང་བཏང་ཡོད་པ་བརྗོད་འདུག བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲ་རྒྱ་ཆེ་ཁག་བཀག་སྡོམ་བྱེད་རྒྱུ་དེ་ཟླ་༨ ཚེས་༢༥ ཉིན་ཐག་གཅོད་བྱས་ཡོད་འདུག ཕྱི་ལོ་༢༠༢༣ ལོར་སྤྱི་ཚོགས་དྲ་རྒྱ་གཉེར་མཁན་ཚང་མས་ཉིན་གྲངས་བདུན་ནང་ཐོ་འགོད་བྱེད་དགོས་ཞེས་བཀོད་ཁྱབ་བཏང་ཡོད་འདུག་ཀྱང་། ད་དུང་ཐོ་འགོད་མི་བྱེད་མཁན་རྣམས་བཀག་སྡོམ་བྱས་ཡོད་འདུག 

སྤྱི་ཚོགས་དྲ་རྒྱའམ་མཉེན་ཆས། དཔེར་ན། ངོ་དེབ་དང་(Youtube, instragram,  Twitter, LinkedIn, reddit, WhatsApp, Snapchat ) སོགས་བཀག་སྡོམ་བྱེད་རྒྱུའི་ཐག་གཅོད་དེ་བལ་ཡུལ་གཞུང་གི་ཆེས་མཐོའི་ཁྲིམས་ཁང་ནས་བལ་ཡུལ་ནང་རྒྱལ་ཁབ་གཞན་དང་བལ་ཡུལ་རང་གིས་བཟོས་པའི་སྤྱི་ཚོགས་དྲ་རྒྱ་ཁག་སྟངས་འཛིན་ནན་ཏན་གནང་དགོས་སྐོར་དང་། དེ་དག་གཞུང་ལ་ངེས་པ་དུ་ཐོ་འགོད་བྱེད་དགོས་སྐོར་བཀའ་ཁྱབ་གཏོང་དུས་ཐག་གཅོད་བྱུང་ཡོད་འདུག 

ཕྱི་ལོ་༢༠༢༠ ནས་བལ་ཡུལ་གྱི་ཆེས་མཐོ་ཁྲིམས་ཁང་ལ་སྤྱི་ཚོགས་དྲ་རྒྱ་ཐོ་འགོད་བྱས་མེད་མཁན་རྣམས་བཀག་འགོག་བྱེད་དགོས་པའི་མང་ཚོགས་ནས་ཞུ་ཡིག་མང་པོ་འབྱོར་ཡོད་པ་བརྗོད་འདུག  བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་ཐད་གཞུང་གིས་དྲིལ་བསྒྲགས་དང་སྤྱི་ཚོགས་དྲ་རྒྱའི་ལྷན་ཁང་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་འཇུག་བྱས་ཡོད་འདུག 

ད་ལྟའི་ཆར་བཀག་འགོག་བྱས་ཡོད་པའི་སྤྱི་ཚོགས་དྲ་རྒྱའི་མཉེན་ཆས་(Facebook, Instagram, Messenger, (YouTube, X, Reddit, LinkedIn .. WhatsApp ) སོགས་ཁྱོན་མཉེན་ཆས་༢༦ དང་། 

ད་ལྟ་བེད་སྤྱོད་བྱེད་བཞིན་པའི་མཉེན་ཆས་(TikTok, Viber, Wetalk, Nimbuzz (registered), Telegram) སོགས་ཁྱོན་མཉེན་ཆས་༦ ཡོད་འདུག 

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བལ་ཡུལ་ནང་མཉེན་ཆས་བཀག་འགོག་བྱས་པ་ནི་སྨྲ་བརྗོད་རང་དབང་། དྲིལ་བསྒྲགས་རང་དབང་། གསར་འགོད་རང་དབང་སོགས་ལ་དོ་ཕོག་འགྲོ་ཉེན་ཆེན་པོ་ཡོད་པའི་སྐོར་གླེང་སློང་བྱེད་མཁན་མང་པོ་ཡོད་འདུག།

གསར་འགོག་པ། བསོད་ནམས་ཕུན་ཚོགས།