སྦིར་དང་ཅོན་ཏ་ར་ནས་ཧི་མ་ཅལ་མངའ་སྡེ་ལ་ཧིན་སྒོར་༤༢༢༠༠༠ ཕུལ་འདུག

ལོ་འདིར་རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ནད་ཡམས་དེ་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་དཀའ་ངལ་ཚབས་ཆེ་འཕྲད་བཞིན་པར་བརྟེན། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གནས་ཡུལ་རྒྱ་གར་གཞུང་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ནས་ནུས་ཚོད་ལ་བརྟེན་ནས་རྒྱ་གར་གཞུང་དམངས་གཉིས་བཀའ་དྲིན་ཆེན་པོ་ཡིན་པ་མཚོན་བྱེད་ཀྱི་ཞལ་འདེབས་འབུལ་བཞིན་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༤ ཚེས་༦ ཉིན་སྦིར་ཅོན་ཏ་ར་ཁུལ་དུ་ཡོད་པའི་བོད་ཁམས་བཟོ་གཞིས་ཚོགས་པའི་ཁྱབ་ཁོངས་སྡེ་དགེ་ཚོགས་པ་དང་། ནང་ཆེན་ཚོགས་པ་གཉིས་དང་ཁྱབ་ཁོངས་མི་མང་བཅས་ནས་ཞལ་འདེབས་བསྡུ་རུབ་བྱས་ཏེ། མན་ཌི་རྫོང་གི་ཁྱབ་ཁོངས་ཇོ་གྷན་དྷར་ན་གྷར་གྱི་ས་གནས་ཀྱི་འབྲེལ་ཡོད་(SDM)མགོ་ཁྲིད་རྣམས་ལ་སྦིར་བོད་ཁམས་བཟོ་གཞིས་ཚོགས་པའི་ཁྱབ་ཁོངས་སྡེ་དགེ་ཚོགས་པ་དང་། ནང་ཆེན་ཚོགས་པ་གཉིས་ཀྱི་སྐུ་ཚབ་དང་། ནང་ཆེན་ས་གནས་འགོ་འཛིན་པདྨ་གཡུ་སྒྲོན་བཅས་ཆེད་བཅར་ཞུས་ནས་ཧི་མ་ཅལ་མངའ་སྡེའི་གཞུང་ལ་ཧིན་སྒོར་འབུམ་གཅིག་དང་། ས་གནས་རྒྱ་གྲམ་དམར་པོའི་ཚོགས་པ་ལ་ཧིན་སྒོར་འབུམ་གཅིག་བཅས་ཕུལ་ཡོད་པ་རེད།

དེ་བཞིན་ཀང་ར་རྫོང་ཁོངས་བྷེ་ཇི་ན་ཐ་ས་གནས་འབྲེལ་ཡོད་(SDM)དཔོན་རིགས་རྣམས་ཀྱི་མདུན་དུ་བོད་ཁམས་བཟོ་གཞིས་ཚོགས་པའི་སྐུ་ཚབ་རྣམས་བཅར་ནས་ཧི་མ་ཅལ་མངའ་སྡེའི་གཞུང་ལ་ཧིན་སྒོར་འབུམ་གཅིག་དང་། ས་གནས་ཛ་དྲག་ཚོགས་པར་ཧིན་སྒོར་དྲུག་ཁྲི་སུམ་སྟོང་དང་། སྦིར་ལི་ལི་ཚོགས་པའི་ངོས་ནས་ཧིན་སྒོར་ལྔ་ཁྲི་དགུ་སྟོང་དང་བཅས་ས་གནས་བྷེ་ཇི་ན་ཐ་ཛ་དྲག་ཚོགས་པར་བསྡོམས་ཧིན་སྒོར་ཆིག་འབུམ་ཉིས་ཁྲི་ཉིས་སྟོང་ཕུལ་ཡོད་པ་རེད། སྦིར་ཅོན་ཏ་ར་ས་གནས་ཀྱི་སྡེ་དགེ་དང་ནང་ཆེན་གཞིས་ཆགས་གཉིས་དང་། ལི་ལི་གྲོང་སྡེ་སྡེ་བཅས་ནས་ཧི་མ་ཅལ་མངའ་སྡེ་སྤྱི་དང་བྱེ་བྲག་གཞིས་ཆགས་གཉིས་ཆགས་ཡུལ་གྱི་འབྲེལ་ཡོད་མན་ཌི་རྫོང་དང་། ཀང་ར་རྫོང་གཉིས་བཅས་ལ་བསྡོམས་ཧིན་སྒོར་བཞི་འབུམ་ཉིས་ཁྲི་ཉིས་སྟོང་(༤༢༢,༠༠༠) ཞལ་འདེབས་ཕུལ་ཡོད་པ་རེད།

སྡེ་དགེ་གཞིས་ཆགས་ཀྱི་ཁྱབ་ཁོངས་དཔལ་སྤུངས་བྱེས་ཀྱི་གདན་ས་ཤེས་རབ་གླིང་ནས་ཧི་མ་ཅལ་མངའ་སྡེའི་གཞུང་ལ་ཧིན་སྒོར་འབུམ་བཅུ་(༡,༠༠༠,༠༠༠)ཞལ་འདེབས་ཕུལ་འདུག་པ་དང་། བཀྲ་ཤིས་ལྗོངས་ཁམས་པ་སྒར་ནས་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེའི་བླ་བྲང་དང་། ཁམས་སྒར་གྲྭ་ཚང་། བཤད་གྲྭ། བྱང་ཆུབ་ལྗོངས་རྡོ་རྫོང་དགོན། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་བཅས་ནས་ཧིན་སྒོར་འབུམ་དྲུག་(༦༠༠,༠༠༠)དང་། ཟ་འབྲུ་གང་འཚམ་སོགས་ས་གནས་ལས་ཁུངས་བརྒྱུད་ནས་ཕུལ་ཡོད་པ་དང་། ཉེ་ཁུལ་གྱི་ས་གནས་ཁག་ཅིག་ནས་ཀྱང་ད་ལྟའི་ཆར་གྲ་སྒྲིག་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག །

གསར་འགོད་པ་སྐལ་བཟང་དོན་འགྲུབ།

 

मंडी लाइव – भारत तिब्बत सहयोग मंच द्वारा मुख्यमंत्री राहत कोष के लिए दान

Live Times Tv यांनी वर पोस्ट केले रविवार, ५ एप्रिल, २०२०