ཨ་རིའི་རྒྱལ་སར་བོད་རང་བཙན་ལ་རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས།

ཨ་རིའི་རྒྱལ་སར་གནད་ཡོད་མི་སྣ་ཁག་ལ་བོད་དོན་ཞུ་གཏུགས་ཆེད། ཁ་སང་སྤྱི་ལོ ༢༠༢༠།༩།༢༨ སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ནས་ནིའུ་ཡོག་ནས་ཐོན་ཏེ་ཡོང་ཞིང་། ལམ་བར་ནས་སྟབས་བདེའི་ཁ་ལག་ཞིག་བཟས་ཏེ་མུ་མཐུད་ཡོང་བས། མདང་དགོང་ཆུ་ཚོད་ལྔ་པ་ཙམ་དུ་ཌི་སི་ལ་འབྱོར། དགོང་མོར་དེ་རིང་ཞུ་གཏུགས་ལས་འགུལ་གྱི་འབྲེལ་མཐུད་པ་ཀིམ་དང་མཉམ་དུ་མགྲོན་ཁང་གི་ངལ་གསོ་ཁང་དུ་ཚོགས་པའི་ལས་དོན་ངོ་སྤྲོད་དང་བསམ་ཚུལ་བརྗེ་ལེན་ལྷུག་པོར་བྱས།

དེ་རིང་སྔ་དྲོར་ཡིག་ཆ་ཁག་བསྐྱར་སྒྲིག་འཐུས་གཙང་དང་། དྲི་བ་དྲི་ལན། དགོང་དྲོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་རྒྱ་ནག་གི་ཉེན་ཁ་འགོག་རྒོལ་ཚོགས་ཆུང་ The Committee on the Present Danger: China ་ཞེས་པའི་དབུ་འཛིན་གཞོན་པ་སྐུ་ཞབས་ཧྥེ་རན་ཀི།རྒ་ཧྥེ་ནི། Frank Gaffeny དང་ཐུག་འཕྲད་ཞུས་ཏེ། ཁོང་དང་མཉམ་དུ་བོད་དང་། ལྷོ་སོག་པོ། ཤར་ཏུར་ཀི་སི་ཐན་གསུམ་གྱི་རང་བཙན་ལས་འགུལ་བ་ཁག་ཅིག་དང་། ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཁག་ཅིག་བཅས་ལྷན་ཚོགས་ཀྱི་སོ་སོའི་འཐབ་རྩོད་ཀྱི་གནས་སྟངས་ངོ་སྤྲོད་ཞུ་རེས་བྱས་པ་དང་། བོད་པའི་ཕྱོགས་ནས་ནིའུ་ཡོག་ནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་། ཨ་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་རྒྱུན་ལས་དང་། དེ་མིན་ང་ཚོ་མི་སྒེར་པ་ཁག་ཅིག་བཅས་ཁྱོན་བོད་པ་དགུ་བཅར་ཡོད།

དེ་རིང་དགོང་མོར་སྐུ་ཞབས་ཧྥེ་རན་ཀི། རྒ་ཧྥེ་ནི་ལགས་ཀྱི་ཚོགས་ཆུང་ལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ངོས་ནས་བོད་རང་བཙན་གྱི་མངོན་འདོད་དང་། བོད་རང་བཙན་ལ་རྒྱབ་སྐྱོར། དེ་བཞིན་རྒྱལ་ཚོགས་ནང་བོད་ཀྱི་ཟུར་ཉན་ཞབས་སྟེགས་ཐོབ་ཐང་དགོས་པར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་ཡིག་ཕུལ་སོང་།

དེ་བཞིན་བོད་མིའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༠ པ་སྲུང་བརྩི་ཞུ་ཆེད། དེ་སྔོན་ངེད་འཐབ་གྲོགས་ཁག་ཅིག་གིས་པན་སི་ཝེ་ནི་ཡའི་མངའ་སྡེར་ཡོད་པའི་ཨ་རི་རང་དབང་དྲིལ་བུའི་ཁང་པ་མདུན་ནས། ནིའུ་ཡོག་བར་བོད་རང་བཙན་གོམ་བགྲོད་ཞུས་པའི་དགོས་འདུན་དང་འབྲེལ་བའི་ཞུ་སྙན་ཞིག་ཕུལ་ཡོད་ཅིང་། ང་ཚོའི་ཞུ་སྙན་ནང་དུ། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། རྒྱ་ནག་གིས་བོད་དུ་བཙན་འཛུལ་དང་བོད་མིས་བཙན་འཛུལ་ངོ་རྒོལ་འཐབ་རྩོད་བྱེད་པའི་རིམ་པ། ལྷག་པར་བོད་དུ་རྒྱ་ནག་གིས་བཙན་འཛུལ་བཙན་བཟུང་ལ་ངོ་རྒོལ་དང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་དགོས་པའི་དགོས་འདུན་གཙོ་བོའི་ཐོག

༡། རྒྱ་ནག་གི་བཙན་འཛུལ་བོད་ནས་ཕྱིར་འཐེན་བྱས་ཏེ། བོད་ཀྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས།

༢། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས།

༣། ༡༩༥༩ ནས་ད་བར་མི་ལོའི་དྲུག་ཅུའི་བོད་མིའི་རང་དབང་སྒེར་ལངས་ཀྱི་བརྒྱུད་རིམ་དང་། དགོས་འདུན་ལ་ཨ་རིའི་ས་གནས་དང་། མངའ་སྡེ། གྲོས་ཚོགས་དང་། དབུས་གཞུང་བཅས་ཀྱིས་རྟོགས་ཞིབ་དང་ཉན་ཞིབ་བརྒྱུད། བོད་མིའི་མངོན་འདོད་འགྲུབ་པར་བདེན་རྒྱབ་གནང་རོགས།

༤། རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་ཚོགས་ཆུང་བོད་ནང་བསྐྱོད་དེ། བོད་ནང་དྲག་གནོན་དམ་དྲག་དང་། ད་བར་བོད་མི་ ༡༦༤ ཡིས་རང་ལུས་མེར་སྲེག་གནང་བའི་དགོས་འདུན་སོགས་ཀྱི་ཐད་རྟོགས་ཞིབ་གནང་དགོས།

༥། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས། བདག་དབང་ཁ་གསལ་ཡོད་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་མུ་མཐུད་བཙན་བཟུང་བྱེད་བཞིན་ཡོད་པ་མ་ཟད། དྲྭ་རྒྱ་དང་། སློབ་གྲྭ། བཟོ་ཚོང་ཁང་སོགས་བརྒྱུད་དེ། ཨ་རི་གཙོ་བོ་བྱས་པའི་རྒྱལ་ཁབ་གཞན་དག་གི་གསང་བ་རྐུ་འཁྱེར་དང་། རྒྱལ་ཁབ་གཞན་དག་གི་སྲིད་དོན་ནང་སིམ་འཛུལ་བྱེད་དེ། རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ཆེད། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རང་དབང་དང་། བདེ་འཇགས་ལ་རྒྱ་ནག་གིས་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་པས། ཨ་རིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ལ་ངེས་པར་དོ་འཁུར་དང་འགོག་གནོན་དགོས། ཞེས་འཁོད་པའི་ཡིག་ཆ་དང་དགོས་འདུན་ཁ་གསལ་འབུལ་ཐུབ་པ་བྱུང་སོང་།

སྐུ་ཞབས་ཧྥེ་རན་ཀི།རྒ་ཧྥེ་ནི་ཨ་རིའི་སྲིད་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་CPDC གི་དབུ་འཛིན་གཞོན་པ་དང་། ད་ལྟ་ཨ་རིའི་དབུས་བདེ་སྲུང་ཐབས་ཇུས་ཐད་འགན་འཛིན་གཞོན་པ་བཅས་ཡིན་པ་དང་། དེ་སྔོན་རོ་ནལ་རི་གྷན་སྲིད་འཛིན་སྐབས་ཨ་རིའི་ཤེས་རིག་ལྷན་ཁང་གི་དྲུང་ཆེ་ཡིན་པ་དང་། ཁོང་གི་ཚོགས་ཆུང་དེ་ཉིད།  རོ་ནལ་རི་གྷན་སྐབས། ར་ཤི་མཉམ་འབྲེལ་འཐོར་ཞིག་གཏོང་ཆེད་བཙུགས་པའི་ར་ཤི་ཡའི་ཉེན་ཁ་ལ་གདོང་ལེན་ཞེས་པའི་ཚོགས་པ་དེ་རང་ཡིན་པ་བཅས་ཚོགས་པ་ཧ་ཅང་གལ་ཆེན་ཡིན་པ་དང་། ལྷག་པར་ཁོང་ལ་ཞུས་པའི་ལས་དོན་རྣམས་ཨ་རིའི་དབུས་འཛིན་སྐྱོང་དང་། སྲིད་འཛིན་བར་དུ་སླེབས་པའི་གལ་གནད་ཡོད་འདུག་པ་བཅས། གནས་ཚུལ་སྙིང་སྡུས་ཙམ་དང་། ལས་འགུལ་འདིའི་སྐོར་ཞིབ་ཙམ་རྗེས་སུ་ཡིག་ལམ་དང་། བརྙན་ལམ་གང་རུང་ནས་ནིའུ་ཡོག་ཏུ་ཕྱིར་འབྱོར་རྗེས་འགོད་སྤེལ་ཆོག་པ་ཞུ། སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་སྤྱི་ལོ ༢༠༢༠།༩།༢༩ དགོང་མོར་ཝ་ཤིང་ཊོན་ནས།།

༢༠༢༠།༩།༣༠

ང་རང་གཉིས་ཀྱི་པར་འདི་རྒྱ་ནག་གིས་མཐོང་ན་ཁོང་ཚོ་དགའ་ཡི་མ་རེད།ཅེས་དང་།དེའི་རྗེས་སུ་རྒྱ་ནག་ལ་འགོག་རྒོལ་ཆེད་ང་ཚོས་མཉམ་དུ་ལས་ཀ་བྱ་དགོས་པ་གསུང་སོང་།

དེ་རིང་ཞུ་གཏུགས་ལས་འགུལ་ཉིན་གཉིས་པར།བོད་རང་བཙན་ཁྲིམས་འཆར་འདོན་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་Scott Perry མཆོག་ལ་དེ་སྔོན་ངེད་བོད་རང་བཙན་གོམ་བགྲོད་པ་ཚོས་ཐུགས་རྗེ་ཆེ་ཞུ་དང་།ཁྲིམས་འཆར་ནང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་པའི་སྒོ་ནས་ཁྲིམས་དོན་ལ་གཏན་འབེབས་ཡོང་བའི་འབད་པ་གནང་རོགས་ཞུས་པའི་ཡི་གེ་གློག་འཕྲིན་གྱི་ལམ་ནས་ཕུལ་ཟིན་པ་དེའི་ངོ་བཤུས་དང་།བོད་རང་བཙན་གོམ་བགྲོད་ཀྱི་དགོས་འདུན་ཡིག་ཆ་དང་།བོད་རྒྱལ་ཁབ་ཀྱི་རྒྱལ་དར་བཅས་དངོས་སུ་ཁོང་ལ་འབུལ་ཐུབ་པ་བྱུང་།

དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཊེ་ཌེ།ཁེརུ་ཛི།Ted Cruz དང་།ཊོམ།ཁོ་ཊོན།Tom Cotton རོན།ཇཱོ་སོན།Ron Johson མར་ཁོ་རུ་བྷིའོ།Marco Rubio ཇཱེམ།མེཀ་གྷོ་ཝན།Jim Mcgoven ཁེར་སི།སིམི་ཐི།Chris Smith བཅས་ཀྱི་ལས་ཁུང་ལ་ཡང་དེ་རིང་གི་ཡིག་ཆ་རྣམས་བརྒྱུད་ཞུ་ཡོང་བ་འགྲེལ་མཐུད་པས་ཁས་ལེན་བྱས་སོང་།

ངས་སི་ཁོ་པེ་རི་མཆོག་ལ་བོད་ཀྱི་རྒྱལ་དར་དང་ཡིག་ཆ་འབུལ་སྐབས།ཁོང་གིས་དེ་རིང་ང་རང་གཉིས་ཀྱི་པར་འདི་རྒྱ་ནག་གིས་མཐོང་ན་ཁོང་ཚོ་དགའ་ཡི་མ་རེད།ཅེས་དང་།དེའི་རྗེས་སུ་སྒོའི་ཕྱི་ལ་སླེབས་སྐབས།རྒྱ་ནག་ལ་འགོག་རྒོལ་ཆེད།ང་ཚོས་མཉམ་དུ་ལས་ཀ་བྱ་དགོས་པ་གསུང་སོང་།

ང་ཚོའི་ཞུ་སྙན་ནང་དུ།ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་།རྒྱ་ནག་གིས་བོད་དུ་བཙན་འཛུལ་དང་བོད་མིས་བཙན་འཛུལ་ངོ་རྒོལ་འཐབ་རྩོད་བྱེད་པའི་རིམ་པ།ལྷག་པར་བོད་དུ་རྒྱ་ནག་གིས་བཙན་འཛུལ་བཙན་བཟུང་ལ་ངོ་རྒོལ་དང་།བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་དགོས་པའི་དགོས་འདུན་གཙོ་བོའི་ཐོག

༡།རྒྱ་ནག་གི་བཙན་འཛུལ་བོད་ནས་ཕྱིར་འཐེན་བྱས་ཏེ།བོད་ཀྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས།

༢།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས།

༣།  ༡༩༥༩ནས་ད་བར་མི་ལོའི་དྲུག་ཅུའི་བོད་མིའི་རང་དབང་སྒེར་ལངས་ཀྱི་བརྒྱུད་རིམ་དང་།དགོས་འདུན་ལ་ཨ་རིའི་ས་གནས་དང་།མངའ་སྡེ།གྲོས་ཚོགས་དང་།དབུས་གཞུང་བཅས་ཀྱིས་རྟོགས་ཞིབ་དང་ཉན་ཞིབ་བརྒྱུད།བོད་མིའི་མངོན་འདོད་འགྲུབ་པར་བདེན་རྒྱབ་གནང་རོགས།

༤།རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་ཚོགས་ཆུང་བོད་ནང་བསྐྱོད་དེ།བོད་ནང་དྲག་གནོན་དམ་དྲག་དང་།ད་བར་བོད་མི་༡༦༤ཡིས་རང་ལུས་མེར་སྲེག་གནང་བའི་དགོས་འདུན་སོགས་ཀྱི་ཐད་རྟོགས་ཞིབ་གནང་དགོས།

༥།རྒྱ་ནག་གིས་བོད་དང་།ཤར་ཏུར་ཀི་སི་ཐན།ལྷོ་སོགམན་ཇུ་བཅས།བདག་དབང་ཁ་གསལ་ཡོད་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་མུ་མཐུད་བཙན་བཟུང་བྱེད་བཞིན་ཡོད་པ་མ་ཟད།དྲྭ་རྒྱ་དང་།སློབ་གྲྭ།བཟོ་ཚོང་ཁང་སོགས་བརྒྱུད་དེ།ཨ་རི་གཙོ་བོ་བྱས་པའི་རྒྱལ་ཁབ་གཞན་དག་གི་གསང་བ་རྐུ་འཁྱེར་དང་།རྒྱལ་ཁབ་གཞན་དག་གི་སྲིད་དོན་ནང་སིམ་འཛུལ་བྱེད་དེ།རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ཆེད།རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རང་དབང་དང་།བདེ་འཇགས་ལ་རྒྱ་ནག་གིས་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་པས།ཨ་རིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ལ་ངེས་པར་དོ་འཁུར་དང་འགོག་གནོན་དགོས།ཞེས་འཁོད་པའི་ཡིག་ཆ་དང་དགོས་འདུན་ཁ་གསལ་འབུལ་ཐུབ་པ་བཅས།དེ་རིང་གི་ལས་འགུལ་ལེགས་གྲུབ་བྱུང་སོང་།

སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་སྤྱི་ལོ༢༠༢༠།༩།༣༠དགོང་མོར་ཝ་ཤིང་ཊོན་དང་ནིའུ་ཡོག་གི་ལམ་བར་ནས།།