དགའ་ལྡན་ཁྲི་རབས་101་ གི་མཚན་གཞུང་།
ཨང་དང་མཚན། ་ འཁྲུངས་འདས། ཁྲིར་བཞུགས།
དང་པོ་རྗེ་བློ་བཟང་གྲགས་པ། ༡༣༥༧།༡༤༡༩ ༡༤༡༠།༡༤༡༩
གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན། ༡༣༦༤།༡༤༣༢ ༡༤༡༩།༡༤༣༡
གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང༌། ༡༣༨༥།༡༤༣༨ ༡༤༣༡།༡༤༣༨
བཞི་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན། ༡༣༧༥།༡༤༥༠ ༡༤༣༨།༡༤༥༠
ལྔ་པ་རྗེ་བློ་གྲོས་ཆོས་སྐྱོང༌། ༡༣༨༩།༡༤༦༣ ༡༤༥༠།༡༤༦༣
དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན། ༡༤༠༢།༡༤༧༣ ༡༤༦༣།༡༤༧༣
བདུན་པ་རྗེ་བློ་གྲོས་བརྟན་པ། ༡༤༠༢།༡༤༧༨ ༡༤༧༣།༡༤༧༨
བརྒྱད་པ་ཆོས་རྗེ་སྨོན་ལམ་དཔལ་པ། ༡༤༡༤།༡༤༩༡ ༡༤༨༠།༡༤༩༠
དགུ་པ་རྗེ་དབོན་བློ་བཟང་ཉི་མ། ༡༤༣༩།༡༤༩༣ ༡༤༩༠།༡༤༩༢
བཅུ་པ་ཆོས་རྗེ་ཡེ་ཤེས་བཟང་པོ། ༡༤༡༥།༡༤༩༨ ༡༤༩༣།༡༤༩༨
བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ། ༡༤༢༩།༡༥༡༡ ༡༥༠༠།༡༥༡༡
བཅུ་གཉིས་པ་འཇམ་དབྱངས་ཤེས་རབ་ལེཌ་པའི་བློ་གྲོས། ༡༤༥༠།༡༥༡༨ ༡༥༡༡།༡༥༡༦
བཅུ་གསུམ་པ་ཆོས་ཀྱི་བཤེས་གཉེན། ༡༤༥༣།༡༥༤༠ ༡༥༡༦།༡༥༢༢
བཅུ་བཞི་པ་རིན་ཆེན་འོད་ཟེར། བྱ ༡༤༥༣།༡༥༤༠ ༡༥༢༢།༡༥༢༩
བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ། ༡༤༧༨།༡༥༥༤ ༡༥༢༩།༡༥༣༥
བཅུ་དྲུག་པ་རྒྱ་ར་བ་ཆོས་སྐྱོང་བཟང་པོ། ༡༤༧༢།༡༥༣༩ ༡༥༣༥།༡༥༣༩
བཅུ་བདུན་པ་མི་ཉག་རྡོ་རྗེ་བཟང་པོ། ༡༤༩༡༡།༥༥༤ ༡༥༣༩༡།༥༤༦
བཅོ་བརྒྱད་པ་ཁྲི་རྒྱལ་མཚན་བཟང་པོ། ༡༤༩༡༡།༥༤༨ ༡༥༤༦།༡༥༤༨
བཅུ་དགུ་པ་སྟོད་ལུང་པ་ཁྲི་ངག་དབང་ཆོས་གྲགས། ༡༥༠༡།༡༥༥༡ ༡༥༤༩།༡༥༥༡
ཉི་ཤུ་པ་རྒྱུད་ཆེན་ཆོས་གྲགས་བཟང་པོ། ༡༤༩༣།༡༥༥༩ ༡༥༥༢།༡༥༥༨
ཉེར་གཅིག་པ་འོལ་ཁ་དགེ་ལེགས་དཔལ་བཟང༌། ༡༥༠༥༡།༥༦༧ ༡༥༥༨།༡༥༦༥
ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས། ༡༤༩༣།༡༥༦༨ ༡༥༦༥།༡༥༦༨
ཉེར་གསུམ་པ་རྩེད་ཐང་པ་ཚེ་བརྟན་རྒྱ་མཚོ། ༡༥༢༠།༡༥༧༦ ༡༥༦༨།༡༥༧༥
ཉེར་བཞི་པ་མངོན་དགའ་བ་བྱམས་པ་རྒྱ་མཚོ། ༡༥༡༦།༡༥༩༠ ༡༥༧༥།༡༥༨༢
ཉེར་ལྔ་པ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ། ༡༥༢༦།༡༥༩༩ ༡༥༨༢།༡༥༨༩
ཉེར་དྲུག་པ་གཙང་པ་དམ་ཆོས་དཔལ་འབར། ༡༥༢༣།༡༥༩༩ ༡༥༨༩།༡༥༩༦
ཉེར་བདུན་པ་ཁྲི་ཆེན་སངས་རྒྱས་རིན་ཆེན། ༡༥༤༠།༡༦༡༢ ༡༥༩༦།༡༦༠༣
ཉེར་བརྒྱད་པ་ལུམ་པ་དགེ་འདུན་རྒྱལ་མཚན། ༡༥༣༢།༡༦༠༧ ༡༦༠༣།༡༦༠༧
ཉེར་དགུ་པ་ཆོས་རྗེ་གཤེས་གཉེན་གྲགས་པ། ༡༥༤༦།༡༦༡༨ ༡༦༠༧།༡༦༡༥
སུམ་ཅུ་པ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། ༡༥༤༦།༡༦༡༨ ༡༦༡༥།༡༦༡༨
སོ་གཅིག་པ་ཁྲི་དམ་ཆོས་དཔལ་བ། ༡༥༤༦།༡༦༢༠ ༡༦༡༨ །༡༦༢༠
སོ་གཉིས་པ་ལྕང་ལོ་ཅན་ཚུལ་ཁྲིམས་ཆོས་འཕེལ། ༡༥༦༡།༡༦༢༣ ༡༦༢༠།༡༦༢༣
སོ་གསུམ་པ་གྱེ་རེ་བ་གྲགས་པ་རྒྱ་མཚོ། ༡༥༥༥།༡༦༢༣ ༡༦༢༣།༡༦༢༣
སོ་བཞི་པ་ངག་དབང་ཆོས་ཀྱི་རྒྱལ་མཚན། ༡༥༧༥ །༡༦༢༣ ༡༦༢༦།?
སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ། ༡༥༧༣/༡༦༤༦ ༡༦༢༦།༡༦༣༨
སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད། ༡༦༣༨? ༡༦༣༨? ༡༦༤༤།?
སོ་བདུན་པ་འཇང་པ་དགེ་འདུན་རིན་ཆེན། ༡༦༤༧།? ༡༦༤༤།༡༦༤༨
སོ་བརྒྱད་པ་དྭགས་པོ་བསྟན་པ་རྒྱལ་མཚན། ༡༦༤༨།? ༡༦༤༨།༡༦༤༨
སོ་དགུ་པ་སྟོད་ལུང་པ་དཀོན་མཆོག་ཆོས་བཟང༌། ༡༥༨༧།༡༦༧༣ ༡༦༤༨།༡༦༥༤
བཞི་བཅུ་པ་མངའ་རིས་པ་དཔལ་ལྡན་རྒྱལ་མཚན། ༡༦༧༢།? ༡༦༥༤།༡༦༦༢
ཞེ་གཅིག་པ་རྩེ་ཐང་པ་བློ་བཟང་རྒྱལ་མཚན། ༡༦༠༠།༡༦༧༢ ༡༦༦༢།༡༦༦༨
ཞེ་གཉིས་པ་ཞོག་གུར་སྨོན་པ་བློ་བཟང་དོན་ཡོད། ༡༦༠༢།༡༦༧༨ ༡༦༦༨།༡༦༧༥
ཞེ་གསུམ་པ་རྒྱལ་བ་བྱམས་པ་བཀྲིས། ༡༦༡༨།༡༦༨༤ ༡༦༧༥།༡༦༨༢
ཞེ་བཞི་པ་ལྟག་ཕྱུགས་པ་བློ་གྲོས་རྒྱ་མཚོ། ༡༦༣༥།༡༦༨༨ ༡༦༨༢།༡༦༨༥
ཞེ་ལྔ་པ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། ༡༦༣༢།༡༦༩༥ ༡༦༨༥།༡༦༩༢
ཞེ་དྲུག་པ་བསམ་བླཱུ་སྦྱིན་པ་རྒྱ་མཚོ། ༡༦༥༣།༡༦༩༥ ༡༦༩༢།༡༦༩༥
ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ། ༡༧༠༡།? ༡༦༩༥།༡༧༠༡
ཞེ་བརྒྱད་པ་ཏྲེ་ཧོར་དོན་གྲུབ་རྒྱ་མཚོ། ༡༦༥༥།༡༧༢༧ ༡༧༠༡།༡༧༠༧
ཞེ་དགུ་པ་ཅོ་ནེ་བློ་བཟང་དར་རྒྱས། ༡༦༥༩།༡༧༢༣ ༡༧༠༧།༡༧༡༤
ལྔ་བཅུ་པ་ཞ་བྲ་དགེ་འདུན་ཕུན་ཚོགས། ༡༦༦༥།༡༧༢༥ ༡༧༡༤།༡༧༢༡
ང་གཅིག་པ་ཏ་དབོན་ངག་དབང་དཔལ་ལྡན་གྲགས་པ། ༡༧༢༩? ༡༧༢༡།༡༧༣༠
ང་གཉིས་པ་དྭགས་པོ་ངག་དབང་ཚེ་འཕེལ། ༡༧༢༨།༡༧༣༢ ༡༧༣༠།༡༧༣༢
ང་གསུམ་པ་ཏ་དབོན་རྒྱལ་མཚན་སེངྒེ། ༡༦༧༨།༡༧༥༦ ༡༧༣༢།༡༧༤༠
ང་བཞི་པ་རྭ་སྒྲེང་ཁྲི་ཆེན་ངག་དབང་མཆོག་ལྡན། ༡༦༦༥།༡༧༥༡ ༡༧༤༠།༡༧༤༦
ང་ལྔ་པ་རྡོ་ཟུག་པ་ནམ་མཁའ་བཟང་པོ། ༡༦༨༥།༡༧༥༠ ༡༧༤༦།༡༧༥༠
ང་དྲུག་པ་སྤོམ་འབོར་བློ་བཟང་དྲི་མེད། ༡༦༨༣།༡༧༥༨ ༡༧༥༠།༡༧༥༧
ང་བདུན་པ་དབུས་པ་བསམ་གཏན་ཕུན་ཚོགས། ༡༧༠༢།༡༧༧༠ ༡༧༥༧།༡༧༦༣
ང་བརྒྱད་པ་བྱ་ཁྱུང་ངག་དབང་ཆོས་གྲགས། ༡༧༠༧།༡༧༧༨ ༡༧༦༣།༡༧༦༩
ང་དགུ་པ་སྟོད་ལུང་ངགདབང་ཆོས་གྲགས། ༡༧༠༨༡༧༧༢ ༡༧༦༩།༡༧༧༢
དྲུག་ཅུ་པ་ཚ་རོང་བ་བློ་བཟང་བསྟན་པ། ༡༧༡༠།༡༧༨༡ ༡༧༧༢།༡༧༧༨
རེ་གཅིག་པ་ཅོ་ནེ་ངག་དབང་ཚུལ་ཁྲིམས། ༡༧༢༡།༡༧༩༡ ༡༧༧༨།༡༧༨༥
རེ་གཉིས་པ་རྒྱལ་རོང་བྱང་སེམས་བློ་བཟང་སྨོན་ལམ། ༡༧༢༤།༡༧༩༨ ༡༧༨༥།༡༧༩༢
རེ་གསུམ་པ་འཕན་པོ་བ་བློ་བཟང་མཁས་མཆོག ༡༧༣༦།༡༧༩༢ ༡༧༩༢།༡༧༩༢
སླར་ཡང་ཁྲི་ཚབ་རྒྱལ་རོང་བློ་བཟང་སྨོན་ལམ། ?།? ༡༧༩༢།༡༧༩༤
རེ་བཞི་པ་ཏྲེ་ཧོར་ཁྲི་བློ་བཟང་བཀྲིས། ༡༧༣༩།༡༨༠༡ ༡༧༩༤།༡༨༠༡
རེ་ལྔ་པ་ཡང་སྟེང་པ་དགེ་འདུན་ཚུལ་ཁྲིམས། ༡༧༣༧།༡༨༠༧ ༡༨༠༡།༡༨༠༧
རེ་དྲུག་པ་གཟིམ་ཁང་ཆོས་རྗེ་ངག་དབང་སྙན་གྲགས། ༡༧༤༦ །༡༨༢༥ ༡༨༠༧།༡༨༡༤
རེ་བདུན་པ་རྨི་ལི་འཇམ་དབྱངས་སྨོན་ལམ། ༡༧༤༢།༡༨༡༤ ༡༨༡༤།༡༨༡༤
རེ་བརྒྱད་པ་འཕན་པོ་བློ་བཟང་དགེ་ལེགས། ༡༧༤༩།༡༨༡༦ ༡༨༡༤།༡༨༡༦
རེ་དགུ་པ་ཆ་ཕྲེང་བ་ཁྲི་བྱང་ཆུབ་ཆོས་འཕེལ། ༡༧༥༦།༡༨༣༨ ༡༨༡༦།༡༨༢༢
བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ། ༡༧༦༠།༡༨༣༩ ༡༨༢༢།༡༨༢༨
དོན་གཅིག་པ་ཀོང་པོ་ཡེ་ཤེས་ཐར་འདོད། ༡༧༥༦།༡༨༢༩ ༡༨༢༨།༡༨༣༠
དོན་གཉིས་པ་ཐོབ་རྒྱས་འཇམ་དཔལ་ཚུལ་ཁྲིམས། ?།? ༡༨༣༠།༡༨༣༧
དོན་གསུམ་པ་ཅོ་ནེ་ངག་དབང་ཚུལ་ཁྲིམས་རྒྱ་མཚོ། ༡༧༩༢།༡༨༤༣ ༡༨༣༧།༡༨༤༣
དོན་བཞི་པ་རྒྱལ་རོང་བློ་བཟང་ལྷུན་གྲུབ། ༡༧༨༨།༡༨༤༧ ༡༨༤༣།༡༨༤༧
དོན་ལྔ་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། ༡༨༡༡༡།༨༥༥ ༡༨༤༧།༡༨༥༣
དོན་དྲུག་པ་སྡེ་དྲུག་བློ་བཟང་མཁྱེན་རབ། ༡༧༩༩།༡༨༧༢ ༡༨༥༣།༡༨༥༩
དོན་བདུན་པ་སྤོམ་འབོར་ཚུལ་ཁྲིམས་དར་རྒྱས། ?།? ༡༨༥༩།༡༨༦༡
དོན་བརྒྱད་པ་རྒྱལ་རོང་བློ་བཟང་འཇམ་དབྱངས་དམ་ཆོས། ?།? ༡༨༦༡།༡༨༦༧
དོན་དགུ་པ་སྣང་བཟང་བློ་བཟང་སྦྱིན་པ། ?།? ༡༨༦༧།༡༨༧༠
བརྒྱད་ཅུ་པ་བསམ་བློ་གྲགས་པ་དོན་གྲུབ། ?།? ༡༨༧༠།༡༨༧༦
གྱ་གཅིག་པ་ཟུང་ཆུ་ངག་དབང་ནོར་བུ། ?།? ༡༨༧༦།༡༨༨༠
གྱ་གཉིས་པ་དར་མདོ་ཁྲི་ཆེན་ཡེ་ཤེས་ཆོས་འཕེལ། ?།? ༡༨༨༠།༡༨༨༦
གྱ་གསུམ་པ་རྒྱལ་རོང་བྱང་ཆུབ་ནམ་མཁའ། ?།? ༡༨༨༦།༡༨༩༠
གྱ་བཞི་པ་རྒྱལ་རོང་བློ་བཟང་ཚུལ་ཁྲིམས། ?།? ༡༨༩༠།༡༨༩༦
གྱ་ལྔ་པ་ཁྲི་བྱང་བློ་བཟང་ཚུལ་ཁྲིམས་དཔལ་ལྡན། ༡༨༣༩།༡༩༠༠ ༡༨༩༦།༡༩༠༠
གྱ་དྲུག་པ་རྨེ་རུ་བློ་བཟང་རྒྱལ་མཚན། ?།? ༡༩༠༡།༡༩༠༨
གྱ་བདུན་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ༡༨༦༣།༡༩༢༠ ༡༩༠༨།༡༩༡༤
གྱ་བརྒྱད་པ་ལྕང་རྒྱབ་པ་ཏྲེ་ཧོར་མཁྱེན་རབ་ཡོན་ཏན་རྒྱ་མཚོ། ?།? ༡༩༡༤།༡༩༡༩
གྱ་དགུ་པ་བློ་བཟང་ཐུབ་བསྟན་སྙན་གྲགས་རྒྱ་མཚོ། ༡༩༢༠།? ༡༩༡༩།༡༩༢༠
དགུ་བཅུ་པ་ཏྲེ་ཧོར་ཁྲི་བྱམས་པ་ཆོས་གྲགས། ༡༨༥༠༡།༩༣༧ ༡༩༢༠།༡༩༢༧
གོ་གཅིག་པ་ཡ་ར་བ་བློ་བཟང་རྒྱལ་མཚན། ?།? ༡༩༢༧།༡༩༣༣
གོ་གཉིས་པ་གཙང་པ་ཁྲི་ཐུབ་བསྟན་ཉིན་བྱེད། ༡༩༣༣? ༡༩༣༣? ༡༩༣༣?
གོ་གསུམ་པ་མི་ཉག་པ་ཁྲི་ཡེ་ཤེས་དབང་ལྡན། ༡༨༨༡།༡༩༤༣ ༡༩༣༣།༡༩༤༠
གོ་བཞི་པ་གཙང་པ་ཁྲི་ལྷུན་གྲུབ་བརྩོན་འགྲུས། ༡༩༤༩? ༡༩༤༠།༡༩༤༧
གོ་ལྔ་པ་མི་ཉག་ཁྲི་བཀྲིས་སྟོང་འདུད། ༡༨༨༨།༡༩༥༨ ༡༩༤༧།༡༩༥༤
གོ་དྲུག་པ་རྗེ་དྲུང་ཐུབ་བསྟན་ཀུན་དགའ། ༡༩༦༤? ༡༩༥༤།༡༩༦༥
གོ་བདུན་པ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས། ༡༩༠༣།༡༩༨༣ ༡༩༦༥།༡༩༨༣
གོ་བརྒྱད་པ་ཕ་ར་འཇམ་དཔལ་གཞན་ཕན། ༡༩༢༣།༡༩༩༤ ༡༩༨༤།༡༩༩༠
གོ་དགུ་པ་ཐར་ལམ་པ་ཁྲི་ཡེ་ཤེས་དོན་འགྲུབ། ༡༩༡༡།༡༩༩༦ ༡༩༩༠།༡༩༩༥
ཁྲི་ཐོག་བརྒྱ་པ་ཚ་བ་ཁྲི་ཆེན་བློ་བཟང་ཉི་མ། ༡༩༢༩།༢༠༠༨ ༡༩༩༥།༢༠༠༡
ཁྲི་ཐོག་བརྒྱ་དང་དང་པོ་ཤར་པ་ལུང་རིགས་རྣམ་རྒྱལ། ༡༩༢༦ ༢༠༠༡
འདི་ ཉིད་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མངར་མོ་ལྷུག་པོར་འཇོ་བཞིན་ལྷར་བཅས་འགྲོ་བ་ ཡོངས་ཀྱི་མགོན་དང་འཇམ་མགོན་བསྟན་པའི་དཔལ་དུ་ད་ལྟར་འཚཱུ་ཞིང་བཞུགས་པ་འདི་ བཞིན་ལགས་སོ།། (ཁྲི་རབས་ལོ་ཚིགས་འདི་དག་དེ་སྔོན་སྤྱི་ལོ་1999ལོར་བྲིས་པ་ཡིན་ལ། ཕྱིས་ལོ་ཚིགས་ཐད་ད་དུང་དཔྱད་པ་བྱེད་དགོས་པ་མང་དུ་མཐོང་ཡང་འདིར་འགོད་ལོང་མ་ བྱུང༌།)
༣ ཁྲི་རབས་རྣམ་ཐར་སྤྱི་སྡོམ་ཙམ་འགོད་པ།
དེ་ ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་ཁྲི་རབས་བརྒྱ་དང་གཅིག་རྗེ་ བཙུན་ལུང་རིགས་རྣམ་རྒྱལ་བར་དགའ་ལྡན་བསྟན་པའི་ཁྲི་འཛིན་གསེར་གྱི་ཕྲེང་བ་ལྟར་ རིམ་པར་བརྒྱུད་པ་རྣམས་ཀྱི་གསང་བ་གསུམ་གྱི་མཛད་པ་དང་འཕྲིན་ལས་བཟང་པཱུའི་རྣམ་ པར་ཐར་པ་རྨད་དུ་བྱུང་བ་རྣམས་རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཞིང༌། དེ་དག་གི་རྣམ་པར་ཐར་པ་སྤྱི་སྡོམ་ཙམ་ཞིག་བརྗོད་ན། ཆུང་གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པའི་སྒོར་ཞུགས་ཏེ་གཞུང་ལུགས་རབ་འབྱམས་ སྨྲ་བའི་བཤེས་གཉེན་དུ་མའི་ཞབས་པད་གཙུག་ཏུ་བླངས། མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུར་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཏེ་དཀའ་ བ་ཁྱད་དུ་བསད། བར་དུ་གཞུང་ལུགས་ཐམས་ཅད་རིགས་པས་བཅད་བརྡར་གྱིས་གང་ཟག་གཅིག་འཚང་རྒྱ་བའི་ གདམས་པར་ཤར། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་དང་ རྟོགས་པའི་ཡོན་ཏན་བླ་ན་འཕེལ་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པ་ཇི་ཙམ་ མཐོན་པོར་བསྐྱེད་ཀྱང༌། ཕྱིར་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་ དང་ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་མཆོག་གི་རྣམ་ཐར་གཙང་མ་བདག་གིར་ མཛད་པ་མ་གཏོགས་སྐྱེས་མ་ཐག་ནས་དར་ཟབ་ཏུ་སྒྲིལ་ཏེ་ཁྲི་འདོན་བྱས་པ་དང༌། གང་ཡང་མ་བསླབས་ཅི་ཡང་མི་ཤེས་ཀྱང་ཤེས་པའི་ཟོལ་གྱིས་ཆོས་ཁྲི་མཐོན་པཱུའི་ཐོག་ ནས་བཀའ་དབང་གནང་བ། ཐོས་པའི་རྩ་བ་མེད་བཞིན་དུ་ཉམས་རྟོགས་ཀྱི་འབྲས་བུ་ཐོལ་གྱིས་བརྡོལ་བའི་གྲུབ་ ཐོབ་ཀྱི་ཟོལ་བཅས་པ། རིམ་གཉིས་ཀྱི་རྟོགས་པའི་གནས་ཚད་ལ་ཁ་གཡར་ཏེ་མགོ་ལ་དོ་ཀེར་བཅིངས་པ་དང༌། བྲང་ལ་རིག་མ་སྦྱར་བ་ལྟ་བུས་གཞར་ཡང་མ་གོས་པར། ལྷ་དང་བླ་མའི་ཞལ་གཟིགས་དང༌། བྱིན་རླབས་དང་དངོས་གྲུབ་ཀྱི་མཚན་མ་ཇི་ཙམ་བྱུང་བ་དེ་ཙམ་གྱིས་སྦེད་པ་དང༌། མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པ་གང་བྱུང་དུ་མི་སྤྱོད་ཅིང༌། གལ་ཏེ་དགོས་དབང་གིས་སྤྱོད་ནའང་ཤིན་ཏུ་གསང་བའི་སྒོ་ནས་གནང་བ་སོགས་ཐུན་མོང་ གདུལ་བྱའི་སྣང་ཚུལ་གྱི་རྣམ་པར་ཐར་པ་ཁོ་ནའང་ཤིན་ཏུ་རྨད་དུ་བྱུང་པ་སྟེ། ཐུན་མོང་མ་ཡིན་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ཚུལ་ཕྱོགས་བཅུའི་ ཞིང་ཁམས་རབ་འབྱམས་རྒྱ་མཚཱུའི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་སྡུད་ཀྱི་རྫུ་འཕྲུལ་ དང༌། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དག་ནི། འཇམ་དཔལ་དང་སྤྱན་རས་གཟིགས་ལྟ་བུ་ལས་ཉན་རང་དང་ཕལ་བའི་སྐྱེ་བོ་དག་གིས་བརྗོད་ པའི་ཡུལ་ལས་འགོངས་པར་སེམས་སོ།།
ཕྱི་རུ་ཉན་ཐོས་སྤྱོད་པའི་རྣམ་ཐར་གཙང༌།།
ནང་དུ་ལྟ་སྒོམ་སྤྱོད་པའི་ཡོན་ཏན་གཙང༌།།
ཕྱི་གཙང་ནང་གཙང་པདྨའི་སྦུབས་འདྲ་བའི།།
དགའ་ལྡན་གསེར་ཁྲི་རིམ་བྱོན་འདི་དག་བསྔགས།།
གསང་གསུམ་ཡོན་ཏན་རྒྱ་མཚཱུའི་གཏིང་ལས་ཟབ།།
མཛད་པ་འཕྲིན་ལས་ཀུན་གསལ་མཐོངས་ལས་ཡངས།།
ཐུབ་བསྟན་རྒྱལ་མཚན་སུམ་རྩེན་དབྱིངས་ན་སྒྲེངས།།
ཞྭ་སེར་ཅོད་པན་འཆང་བའི་རྣམ་ཐར་གཙང༌།། ཞེས་ཀྱང་སྨྲས་སོ།།
