བློ་བཟང་ཚུལ་ཁྲིམས།

ང་རང་སྤྱི་ཚོགས་ཀྱི་ནང་དུ་སྡོད་པའི་སྐབས་ལ། ང་ཚོ་བོད་པ་དེ་ཡག་པོ་ཏོག་ཙམ་བྱུང་ན་དགའ་ཆོག་ཆོག་དང༌། མི་གཞན་དག་ཅིག་གིས་སྡུག་ཆགས་ཏོག་ཙམ་ཞིག་ཅིག་ལབ་ན་དེ་ལ་ལམ་སེང་ངན་ལན་ཞིག་སློག་རྒྱུའི་བསམ་བློ་ཁུར་སྡོད་པ། དོན་དངོས་ཀྱི་ཐོག་གནད་དོན་ཆུང་ཙག་ཅིག་གིས་སེམས་དགའ་དགོས་པ་དང་སྡུག་དགོས་པ་ཞིག་གང་ཡང་མཐོང་གི་མི་འདུག མི་གཞན་དག་ཅིག་གིས་སོ་སོ་ལ་ཡག་པོ་ཞིག་ལབ་ན་འགྲིག་པ་རེད། གལ་སྲིད་སོ་སོས་མ་བྱས་པ་ཞིག་བྱས་སོང་ཞེས་སྙོན་འཛུགས་བྱས་ནའང་ཁ་ཤས་ཀྱིས་དེ་ལ་ལན་གང་ཐུབ་ཀྱིས་རྒྱག་ཨེ་ཐུབ་བལྟ་བ་ལྟ་བུ་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་མཐོང་གི་མི་འདུག གཙོ་བོ་སོ་སོའི་སེམས་པ་སོ་སོས་བཅོས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། སོ་སོའི་སེམས་སོ་སོས་བཅོས་ཐུབ་ན་སེམས་པ་སྐྱིད་པོ་དང་ཧ་ཅང་བདེ་པོ་ཡོང་གི་རེད་བསམ་གྱི་འདུག མི་གཞན་གྱིས་སོ་སོས་མ་བྱས་པ་ཞིག་བྱས་སོང་ཞེས་ལབ་པའི་སྐབས་ལ། ཕར་ཕྱོགས་ཀྱི་མི་དེ་རྫུན་ཤོད་མཁན་ཞིག་རེད་འདུག་བསམ་པ་ཧ་གོ་ནས་སྙིང་རྗེ་སྐྱེས་དགོས་པ་དེ་གལ་ཆེན་པོ་རེད་འདུག ཡང་ན་རང་གི་ངོས་ནས་བྱས་པའི་ནོར་འཁྲུལ་ཞིག་ལ་ཕར་ཕྱོགས་ནས་ཁྱོད་ཀྱིས་དེ་འདྲ་བྱས་འདུག་ཅེས་བརྗོད་ན། དེ་ལམ་སེང་ཁས་བླངས་ནས་ཕར་ཕྱོགས་ཀྱི་མི་དེ་ལ་དགའ་བ་བསྒོམས། ནོར་འཁྲུལ་དེ་འདྲའི་རིགས་ད་ནས་མི་བྱེད་བསམ་པ་ཞིག་ཡོད་དགོས་པ་དང༌། གཙོ་བོ་གཞན་ལ་གནོད་སེམས་མི་བྱེད་པར་སེམས་པ་བཟང་པོ་བྱས། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་རེ་བ་ཡོད།།