ཡེ་ཤེས་དབང་མོ།
ང་ཚོ་ལ་མ་འོངས་བོད་ཀྱི་སོན་རྩ་ཟེར་གྱི་ཡོད་པ་དང༌། བོད་ཀྱི་གཞོན་སྐྱེས་སམ་སློབ་ཕྲུག་ཞིག་ཡིན་པའི་ཆ་ནས་ལས་འགན་ཡང་དམིགས་བསལ་ཞིག་ཡོད་པ་རེད་བསམ་གྱི་འདུག དེ་ནི་གཙོ་བོ་བོད་དོན་ལ་བསམ་བློ་བཏང་ནས་སློབ་སྦྱོང་ཡང་དག་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཀྱི་རེད། དེ་འདྲ་ཡིན་ཙང་གནས་ཚུལ་མང་པོ་ཤེས་དགོས་ཀྱི་རེད། སློབ་སྦྱོང་ཡོད་ན་འཛམ་གླིང་གི་གནས་ཚུལ་མང་པོ་ཤེས་ཀྱི་རེད། སློབ་སྦྱོང་བྱེད་སྐབས་ཀྱང་ཡི་གེ་འབྲི་ཀློག་ཙམ་མ་ཡིན་པར། སྔོན་མ་རྒྱ་ནག་དང་བོད་ལ་གནས་ཚུལ་ག་རེ་ག་རེ་བྱུང་ཡོད་མེད་དང་དེང་སང་གི་གནས་སྟངས་ག་འདྲ་ཡིན་མིན་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ཡག་པོ་ཤེས་པ་ཡིན་ན་མ་འོངས་པར་ང་ཚོས་ལམ་ཁ་ག་འདྲ་ཞིག་ལེན་དགོས་མིན་དང༌། རྒྱ་ནག་ལ་དགྲ་བྱས་ནས་ཡ་ལན་སློག་དགོས་ཡོད་མེད་གསལ་པོ་ཤེས་ཀྱི་རེད། དེར་བརྟེན་ང་ཚོས་སློབ་གྲྭའི་ནང་ཡིན་ནའང་འདྲ་རྟག་པར་བོད་དོན་གླེང་སློང་དང་གོ་སྡུར་བྱས། ྋགོང་ས་མཆོག་གི་དབུ་ཁྲིད་འོག་འཚེ་མེད་ཞི་བ་དང་ལམ་དབུ་མའི་ཐོག་ནས་དགྲ་བོར་ཁ་གཏད་གཅོག་དགོས་དུས་སློབ་སྦྱོང་དང་ཤེས་ཡོན་གྱི་ལག་ཆ་ཁོ་ན་བེད་སྤྱོད་ཐུབ་པ་ཞིག་བྱེད་རྒྱུ་ནི་ང་ཚོ་བོད་ཀྱི་སོན་རྩ་ཚོའི་འགན་དབང་རེད་བསམ་གྱི་ཡོད།།
མེ་སོར་ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་བཏང༌།
