ལྷ་མོན་ལགས།
ལྷ་མོན་ལགས། ངོས་ཀྱིས་བྲིས་པའི་མངོན་ཤེས་བདུན་པ་ཞེས་པ་བོད་མིའི་མངོན་འདོད་རང་བཙན་ཡིན་པར་ཚོད་དཔག་བྱེད་མཁན་རྣམས་ཀྱི་ཚོད་དཔག་ལ་སྒྲོ་བཏགས་པ་ལས། གཞི་རྩའི་མངོན་ཤེས་ལྔའམ་དྲུག་ལས་བདུན་ཞེས་པ་མེད། ཁྱེད་རང་གིས་གསུངས་པ་བཞིན་དངོས་ཡོད་གནས་ཚུལ་ཅི་ཡིན་རྟོགས་ཐུབ་པར་ངོས་ནས་ཀྱང་ངོས་ལེན་ཞུ་ཡི་ཡོད། འོན་ཀྱང་གནས་ཚུལ་ཕྲན་བུ་ཤེས་པ་ལ་བརྟེན་ནས་ཚོད་དཔག་སྔ་དྲགས་པ་ལ་སྒྲོ་དེ་བཏགས་པ་ཡིན་པས་དོགས་གཞི་སེལ་ཐུབ་པའི་རེ་བ་ཡོད། ཡང་ཁྱེད་རང་གིས། ངོས་ཀྱིས་བོད་རང་བཙན་ཞེས་པ་འདས་པ་རྐྱང་པ་ལ་བཀྲལ་ཡོད་པར་བཤད་ཀྱང་། ཁྱེད་ཉིད་ཀྱིས་ཡག་པོ་བཀླགས་མེད་པ་འདྲ། སོང་ཙང་བསྐྱར་ཀློག་གནང་རོགས་གནང༌། མ་གཞི་ནས་སྐད་འབོད་དང་ཞུ་སྐུལ་མང་པོ་ཞིག་ཏུ་མ་འོངས་པའི་མདུན་ལམ་གསལ་པོར་བཟོ་བར་འདས་པའི་གནས་ཚུལ་མང་པོ་དྲིལ་བསྒྲགས་བྱ་དགོས་པའི་གནད་ཤེས་དགོས་སྙམ།
ཀུན་དགའ་རྒྱལ་མཚན་གྱིས།
