དེ་སྤྱི་ཚོགས་རང་དབང་ཅན་ཞིག་ཡིན་པའི་མཚོན་རྟགས་རེད།
ཨི་རག་གི་གསར་འགོད་པ་མུན་ཏཱ་ཟིར་འཛིན་བཟུང་བྱས་ཟིན་པ་དང༌། སཱ་དམ་ཧུ་སིན་གི་ཁྲིམས་རྩོད་པ་དང་ཨི་རག་མི་མང་བརྒྱ་ཕྲག་དུ་མས་གསར་འགོད་པ་དེར་རྒྱབ་སྐྱོར་དང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྒྲ་བསྒྲགས་ཡོད་པ་རེད། ཁོང་ཚོས་བརྗོད་དོན་ལ་ཨི་རག་གི་མི་རིགས་ཤིག་ལ་མཚོན་ན། གནས་ཚུལ་དེ་ནི་ཨི་རག་དང་ཨབ་གྷན་བཅས་ནས་མི་མང་ས་ཡ་གཉིས་ལྷག་གི་སྲོག་འཕྲོག་མཁན་གདུག་རྩུབ་ཆེ་བའི་ཉེས་ཅན་པ་བྷུ་ཤི་ལ་བྱེད་འོས་པའི་བྱ་བ་ཆུང་ཤོས་དེ་རེད་ཅེས་བརྗོད་འདུག ཨ་རིའི་སྲིད་འཛིན་བྷུ་ཤི་ཨབ་གྷན་དང་ཨི་རག་གཉིས་ལ་གཟིགས་སྐོར་དུ་ཕེབས་པ་དང༌། ལུང་པ་འདི་གཉིས་ཀྱི་བདེ་འཇགས་སྐོར་ལ་ཉེན་བརྡ་དང་སློབ་སྟོན་གནང་ཡོད་པའི་གནས་ཚུལ་འདུག།
