བཀྲ་ཤིས་བདེ་ལེགས།

ཕྱི་ལུགས་ཀྱི་གནམ་ལོ་གསར་དུ་བཞད་པའི་དུས་སྟོན་འདིར་གཞིས་བྱེས་ལྷན་འཛོམས་ཀྱི་དྲོ་སྐྱིད་ལྡན་པའི་ཉིན་མོ་མྱུར་དུ་འཆར་བ་དང༌། ༸གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོ་བོར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་པ་དང༌། འཛམ་གླིང་ཁྱོན་ལ་ཞི་བདེ་ཡོང་བའི་བཀྲ་ཤིས་པའི་སྨོན་འདུན་གྲངས་མེད་ཞུ།