ཁ་བརྡ་ཚང་གི་སྤོབས་པ་ཟེར་བ་ལ་སྤྲིངས།

ལྷག་པར་དུ་སྟག་སྨྱོན་ལྟ་བུ་ཝ་སྨྱོན་ཆགས་པ་དང་ལྕགས་རྒྱ་འགྲམ་ནག་ལྟ་བུ་འགྲམ་ དཀར་ཆགས་པ་སོགས་ཀྱི་འཁང་ར་བྱེད་ཀྱི་འདུག་པ་ལས། མི་ཟེར་བ་འདི་ལ་རང་རང་གི་ཚོད་ཀྱི་རྣམ་དཔྱོད་རེ་དང་སྐད་ཆ་བཤད་ཕྱོགས་རེ་འདོད་ ཕྱོགས་རེ་མི་གཅིག་པ་ཡོད་སྟབས། ཁྱེད་རང་གི་བསམ་ཚུལ་ཡིན་དགོས་པའི་ངེས་པ་མེད་ལ་ང་དང་གཞན་དག་གི་བཤད་པའི་སྐད་ཆ་དག་་ཀྱང་བདེན་པ་དང་གནས་ལུགས་ཡོད་པ་ཁོ་ན་ཡིན་པར་སུས་ཀྱང་ཨུ་ཚུགས་རྒྱག་མི་སྲིད། དེས་ན་ཁྱེད་རང་གིས་ཀྱང་ང་རང་ལ་དམའ་འབེབས་བྱེད་འདོད་དང་ང་རང་གི་སྐད་ཆ་གང་ཞིག་ཆོ་མེད་དུ་མཐོང་ན་དེ་ལ་ཆོ་མི་འདུག་དེ་འདྲ་མི་འབྲི་ཞེས་བཤད་འོས་པ་ལས་ རྒྱུ་མཚན་མེད་པར་སྐྱོན་བརྗོད་བྱེད་པ་ནི་ཡག་པོ་ཞིག་ལ་ངོས་འཛིན་མི་བྱེད་མཁན་ང་རང་གཅིག་བུ་ཡིན་མི་སྲིད་ལ། དྲ་ཐོག་གི་ཀློག་པ་པོ་མང་བོ་ཞིག་གིས་ཀྱང་། དྲ་ཚིགས་ནང་དུ་མི་ཕན་ཚུན་ལ་སྐྱོན་བརྗོད་ཁོ་ན་བྱེད་པ་ལས་གླེང་མོལ་དང་བསམ་ ཚུལ་སྤེལ་རེའི་གྱི་རྣམ་པ་མི་མཐོང་བར། དྲ་ཚིགས་ནང་དུ་ཞུགས་རྒྱུར་དང་དྲ་ཚིགས་ལ་དོ་སྣང་བྱེད་རྒྱུ་ཡང་ཉུང་དུ་འགྲོ་ མི་སྲིད་པ་མིན་ན། གཞུག་ཕྱོགས་སྐད་ཆ་བཤད་ཕྱོགས་དང་བསམ་ཚུལ་འབྲི་ཕྱོགས་ལ་བསམ་ཕོད་པ་ནས་བཤད་ ཕོད། བཤད་ཕོད་པ་ནས་སྒྲུབ་འཕོད་པ་དེ་ལ་འགན་ཞིག་ཡོད་པའི་སྟེང་ནས་བྱེད་ཐུབ་པ་ཡིན་ན་ཚང་མས་ལྟ་སྟངས་དང་བསམ་བློ་གཏོང་ཕྱོགས་ལ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་རེད་སྙམ་ན། སྐུ་ཉིད་ཀྱིས་ཐུགས་བསམ་བཞེས་རོགས་ཞུ།