སྒེར་བཙུགས་སློབ་གྲྭ་ཞིག་སྒོ་བརྒྱབ་རྗེས་ཀྱི་སློབ་མའི་དཀའ་ངལ།

དགེ་ལས་སློབ་ཕྲུག་གིས་རྒྱ་གཞུང་ལ་སློབ་གྲྭ་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཞུས་ཀྱང་ད་བར་སྒོ་ཕྱེ་བཅུག་མེད་པའི་སྐོར་བལ་ཡུལ་དུ་གསར་དུ་འབྱོར་བའི་སློབ་གྲྭ་དེའི་སློབ་མ་ཞིག་གིས་འགྲེལ་བརྗོད་བྱས་འདུག སློབ་གྲྭ་དེ་ཉིད་༢༠༠༧ ལོར་རྨེའུ་དགོན་པའི་གྲྭ་པདྨ་ཚུལ་ཁྲིམས་ཀྱིས་ཁུལ་དེའི་དཀའ་ངལ་ཡོད་པའི་མི་མང་ལ་དམིགས་ནས་གསར་འཛུགས་གནང་བ་ཞིག་ཡིན་པ་དང༌། དེའི་སྐབས་སུ་སློབ་མ་བརྒྱ་ལྷག་ཙམ་ཡོད་འདུག