༄༅།།ཏཱ་ལའི་བླ་མ་དང་“བོད་ཀྱི་གཞོན་ནུ་ཚོགས་པ།”
“བོད་ཀྱི་གཞོན་ནུ་ཚོགས་པ”ནི་ དམངས་ཁྲོད་རྩ་འཛུགས་ཀྱི་རྣམ་པ་ལས་བྱུང་བའི་དྲག་ཤུལ་བྱེད་སྒོ་སྤེལ་བའི་ཚོགས་ པ་ཞིག་ཡིན་ཞིང་། དེ་ནི་ཏཱ་ལའི་ཡིས་ཐད་ཀར་ལྐོག་བཀོད་བཏང་བའི་འོག་ཏུ་བཙུགས་པ་ཞིག་ཡིན་ཞིང་། ཏཱ་ལའི་ཡིས་ལོ་རྒྱུས་སྟེང་གྲུབ་པའི་ས་ཁུལ་དང་ཆོས་ལུགས་གྲུབ་མཐའི་དབྱེ་མཚམས་ མེད་པར་བྱེད་འགོ་བརྩབས་ནས་ཕྱི་རྒྱལ་དུ་གྱར་བའི་བོད་རིགས་གཞོན་ནུ་རྣམས་རྩ་ འཛུགས་ཀྱིས། ཁོ་ཚོ་བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཆ་རྒྱུས་མེད་ཀྱང་མི་རིགས་རིང་ལུགས་ཀྱི་ ཕྱོགས་འཁྱེར་བརྟན་པོ་ཞིག་ཡོད་པའི་ངང་ཚུལ་དེ་བེད་སྤྱད་ནས། ཁོ་ཚོ“བོད་རང་བཙན་མངོན་འགྱུར་བྱེད་པའི་གདུང་མ་གཙོ་བོ”ལྟ་བུ་དང་“བོད་རང་བཙན་ཡོང་བར་བརྩོན་ལེན་བྱེད་པའི་གདོང་མཆོང་པར”འགྱུར་དུ་བཅུག་ཡོད་པ་རེད།
“བོད་ཀྱི་གཞོན་ནུ་ཚོགས་པ”ནི་ཏཱ་ལའི་རུ་ཚོགས་ཀྱི་དབང་ཤུགས་ཀྱི་སྲོག་ཤིང་ཡིན་ཞིང་།“བོད་ཀྱི་གཞོན་ནུ་ཚོགས་པ”བཙུགས་པའི་ཚུན་ལ་ཁྱོན་ཡོངས་ནས་བོད་ལྗོངས་ཡུལ་གྱར་སྲིད་གཞུང་ཞེས་བྱ་བའི་གྲས་སུ་ཚུད་ཡོད་ཅིང་།“ཡུལ་གྱར་སྲིད་གཞུང་”གི་རིམ་པ་སོ་སོའི་འགོ་དཔོན་ཁྲོད་དུ།བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་ཡིས་བརྒྱ་ཆའི༩༠ཟིན་ཡོད་པ་དང་། ལྷག་པར་དུ་༡༩༩༢ལོའི་ཚུན་ལ་“ཙུང་ལིའི”གོ་གནས་ཀྱི་འགན་བཞེས་མཁན་ཚང་མ་བོད་ཀྱི་གཞོན་ནུ་ཚོགས་པ་ནས་ཐོན་པ་དང་། དེང་སྐབས“ཡུལ་གྱར་སྲིད་གཞུང་”གི་ ཙུང་ལིའི་འགན་ཁུར་ཡོད་པའི་ཟམ་གདོང་རིན་པོ་ཆེ་ཡིས་བོད་ཀྱི་གཞོན་ནུ་ཚོགས་པའི་ སྐབས་དང་པོའི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བ་དང་། ཙུང་ལི་གཞོན་པ་དང་ཏཱ་ལའི་བླ་མའི་གཞུང་ལས་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ ལྕོགས་སུ་འཁུར་བའི་བཀྲས་མཐུན་བསྟན་འཛིན་སྐལ་རྒྱམ་དང་། ཕྱི་འབྲེལ་དང་གསར་འགྱུར་པུའུ་ཀྲང་གི་འགན་ཁུར་ཡོད་པའི་བཀྲས་མཐུན་བསྟན་འཛིན་ རྣམ་རྒྱལ།གཞན་ཡང་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་བཅས་ཚང་ མ་བོད་ཀྱི་གཞོན་ནུ་ཚོགས་པ་འཛུགས་མཁན་གྱི་ཁོངས་མི་ཡིན་པ་རེད།