མིག་ཆུ་མ་གཏོང་ཟེར།
ཉིན་མ་ཁ་ཤས་ཀྱི་སྔོན་དུ་ངེད་གཉིས་མེ་ཏོག་གི་ལྡུམ་ར་ཞིག་གི་སྤྲོ་གསེང་སྐབས་སུ་ཐུག་པ་ཡིན་ལ།
ང་རང་མེ་ཏོག་གི་གླིང་ཁ་དེར་སེམས་པ་གཡེང་ཐབས་སུ་སྤྱོད་དུས་སུ། བུད་མེད་ཅིག་གི་གློ་བུར་དུ་ང་ཡི་མདུན་ནས་བཀག་སོང༌། སྐུ་ཞབས་ལ་མེ་ཏོག་ཉོ་རོགས་གནོང་ཟེར་ནས་ཨུ་ཚུགས་བརྒྱབ་ཞིང༌། ངས་ཀྱང་དེའི་ངོ་ལྡོག་མ་ཐུབ་པར་མེ་ཏོག་རྐང་མ་ཁ་ཤས་ཤིག་ཉོས་དེ་སླར་ཡང་ཁོ་མོ་ལ་སྤྲད་པ་ཡིན། ཁོ་མོས་སྐབས་དེར་ཁྱེད་རང་གི་ད་ལྟ་རང་ང་རང་གི་ལག་ནས་ཉོས་དེ་ཕྱིར་ང་རང་ལ་སྤྲོད་དོན་གང་ཡིན་ཟེར། ངས་དེ་ནི་ཁྱེད་རང་གི་འདོད་བཞིན་ངས་ཉོས་པ་ཡིན་ལ་ང་རང་གི་འདོད་པ་ལྟར་ཁྱེད་རང་ལ་ཕྱིར་ཕུལ་པ་ཡིན་པས་ཁྱེད་རང་གི་ལེན་རོགས་ཞུ་ཞེས་བཤད་དུས། བུད་མེད་དེས་ང་རང་གི་སྐད་ཆ་དེ་གོ་མ་ཐག་ངུས་དེ་ང་རང་ལ་འཐམ་སོང༌། དེ་ནས་བཟུང་་་་་་