ཁོར་ཡུག་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་འདུག
ད་ལྟ་ཆུ་ཡོད་པའི་ཁ་ཐུག་ལ་ཤིང་སྣ་འཛུགས་རྒྱུ་དེ་གལ་ཆེན་པོ་རེད། ཁོར་ཡུག་ལ་དོ་སྣང་བྱེད་དགོས་པ་གནད་འགག་ཆེན་པོ་རེད། བོད་གངས་ཅན་གྱི་བོད་པ་ཚོ་ཡིན་ནའང་ཁོར་ཡུག་ལ་དོ་སྣང་ཡིད་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོ་མིས་རང་གི་འཕྲོད་བསྟེན་ལ་དོ་སྣང་བྱས་པས་མ་ཚད། འཛམ་བུ་གླིང་གི་འཕྲོད་བསྟེན་ལ་བསམ་བློ་གཏོང་དགོས་པ་ཆགས་ཀྱི་ཡོད་པ་རེད། ང་རང་ཚོས་ཚེ་སྒྲུབ་བྱེད་པ་ནང་བཞིན་སྣོད་ཀྱི་འཇིག་རྟེན་ཡང་ད་ལྟའི་གནས་སྟངས་ནང་བཞིན་ཡུན་རང་ཙམ་གནས་ཐུབ་ཆེད་ཚེ་སྒྲུབ་བྱེད་དགོས་པ་ཞིག་ཆགས་ཀྱི་འདུག་ཅེས་དང༌། ཧི་མ་ལ་ཡི་རི་རྒྱུད་ཀྱི་དགོན་པ་ཁག་གིས་དགོན་པའི་གཡས་གཡོན་ལ་ཤིང་ནགས་འདེབས་འཛུགས་བྱེད་རྒྱུ་ག་ཚོད་ཐུབ་ཐུབ་བྱས་ན་གནད་འགག་རེད། བོད་ནང་ཡིན་ནའང་དེ་བཞིན་གོ་སྐབས་ཡོད་ན་དེ་འདྲ་བྱེད་ཐུབ་ན་ཡག་པོ་འདུག་ཅེས་ཁོར་ཡུག་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།