ལྷག་པ་ཤེས་རབ་ཀྱིས་སླར་ཡང་རྒྱ་གར་གཞུང་ལ་ཁྲིམས་གཏུགས་བྱས་པ།

      ལྷག་པ་ཤེས་རབ་ཀྱིས་¿ཞིབ་འཇུག་ཚོགས་ཆུང་བཙུགས་པ་རེད། ང་ཚོ་མངའ་སྡེའི་བློན་ཆེན་ལ་ཞུ་སར་ཕྱིན་པ་རེད། ངས་བདེ་སྐྱིད་སླར་མཉམ་འབྲེལ་གྱིས་ཞིབ་འཇུག་ཚོགས་ཆུང་བཙུགས་རྒྱུ་དེ་ག་འདྲ་ཡིན་ན། ང་ལ་མཐུན་འབྲེལ་ཁྱོན་ནས་མ་བྱས་ནས་བཀག་པ་རེད། ང་བཀག་ཚར་བའི་རྗེས་ལ་ག་འདྲ་བྱས་པ་རེད་ཟེར་ན། ཁོང་ཚོས་ང་མར་སྐད་བཏང་ནས་རྒྱ་གར་གཞུང་གི་ལས་བྱེད་གཉིས། ང་ཚོ་བཞིས་ཞིབ་འཇུག་བྱེད་དུས་རྩིས་ཁྲ་མ་བསྟན་པ་དང༌། དངུལ་རྐྱང་ལག་དེབ་མ་སྤྲད་ནས་ཁྱེད་རང་སྐྱིད་པོ་བྱས་ནས་སྡོད། རྩིས་ཁྲར་བལྟ་དགོས་མ་རེད་ལབ་པ་རེད། ཡང་ཁོ་རང་ཚོས་ཞིབ་འཇུག་ཚོགས་ཆུང་ཞིག་སྐད་བཏང་རེད། དེ་ལ་རྒྱ་གར་གཞུང་གི་ལས་བྱེད་ཅིག་ཡོད་མ་རེད། ཁོ་རང་མི་གཅིག་རྐང་གཅིག་རེད། ཁོ་ང་ཐུག་པ་དང་ཁོས་ང་ལ་སྒོར་མོ་ཟོས་འདུག་ཟེར་ནས་གཅིག་ཀྱང་སྤྲད་ཀྱི་མིན་ལབ་སོང༌། ཡིན་ན་ཡང་ངས་ལབ་རྒྱུ་དང་ཁོས་ལབ་རྒྱུའི་ནང་དོན་རྩིས་ཤེས་མཁན་ཞིག་ཡིན་ན་གཅིག་པ་རེད། ངས་མཉམ་འབྲེལ་ཁོ་རང་གི་དངུལ་མི་འདུག་ལབ་ཡོད་རེད། ཁོས་མི་མང་ལ་བཅོལ་རྒྱུ་དེ་མ་གཏོགས་མི་འདུག་ལབ་པ་རེད། ཡིན་ན་ཡང་ཁོས་མཉམ་འབྲེལ་གྱི་རྩིས་ཁྲའི་གནས་སྟངས་ཧ་ཅང་སྐྱོ་བོ་འདུག་ལབ་པ་རེད། ང་དེའི་དོན་དག་ལ་རྩོད་བརྒྱབ་པ་རེད། མ་འོངས་པར་བརྟན་པོ་ཆགས་ས་མ་རེད་ལབ་པ་རེད། ཁོ་རང་ཚོས་སྐད་བཏང་བའི་རྒྱ་གར་གྱིས་དེ་འདྲ་ལབ་པ་རེད། ངའི་དམིགས་ཡུལ་སྲ་བརྟན་ཆགས་རྒྱུའི་ཆེད་རེད། ད་དེའི་ནང་ལ་སྒོར་མོ་ཟོས་པ་ངས་མཐོང་མ་སོང་ལབ་ཡོད་རེད་དེ་ངས་ཁྲིམས་ལ་གཏུགས་རྒྱུ་ཡིན། ད་ང་ཡང་བསྐྱར་ཁྲིམས་ལ་འགྲོ་དགོས་དོན་དེ་ག་རེ་རེད་ལབ་ན། ངས་བཙན་བྱོལ་གཞུང་གི་སྤྱི་འཐུས་ཚོས་ཞེ་དྲག་ཅིག་བྱེད་རྒྱུ་ཡོད་ཟེར། དེ་ལ་ཡིད་ཆེས་བྱས་པ་རེད། མི་རྫིག་རིགས་རྫིག་ཚད་སླེབས་སོང༌། ཚོགས་གཙོ་ཚོགས་གཞོན་ཚོ་རེད། ངས་དྲང་པོ་བྱེད་ཀྱི་རེད་བསམ་པ་ཡིན་དེ་དྲང་པོ་བྱས་མ་སོང༌། ངས་ཁོ་རང་ཚོར་ཁྱེད་རང་ངའི་དཀའ་ངལ་སེལ་ཆེད་ཡོང་པ་རེད་དེ་བྱུང་མ་སོང་ལབ་ཡོད།¿ཅེས་ཞིབ་འཇུག་བྱས་པ་དྲང་པོ་མིན་པ་འགྲེལ་བརྗོད་བྱས་སོང༌། ད་དུང་མཉམ་འབྲེལ་ཚོགས་གཙོས། ¿སྤྱི་འཐུས་ནས་ཐག་གཅོད་གང་བྱུང་ལ་ཕྱོགས་གཉིས་ཆ་ནས་མོས་མཐུན་བྱ་རྒྱུའི་མོས་མཐུན་ཁས་ལེན་དམ་བཅའ་ཡོད། བར་བཞུགས་སྐུ་ངོ་བཀྲིས་དབང་འདུས་ཡོད། དེ་ནས་སྤྱི་འཐུས་ཚོགས་གཞོན་གཙོས་པའི་མི་ལྔ་ཡི་ཚོགས་ཆུང་བཙུགས་གནང་འདུག ལྷག་པ་ཤེས་རབ་ལ་མཉམ་འབྲེལ་གྱི་ཡིག་ཆ་གང་དགོས་པ་གྲ་སྒྲིག་བྱས་ནས་དུས་ཚོད་གནང་བ་རེད། དེ་རྗེས་སྤྱི་འཐུས་རྣམ་པ་མར་ཕེབས་ནས་ཞིབ་འཇུག་བྱས། ལྷག་པ་ཤེས་རབ་ཀྱི་དྲི་བ་ཚང་མར་ང་ཚོས་ལན་འདེབས་བྱས་ནས་ཁོས་ཁུངས་སྐྱེལ་མ་ཐུབ་པ་རེད། སྐབས་དེར་ཁོ་རང་གིས་ཀྱང་ཁུངས་མ་འཁྱོལ་བ་ངོས་ལེན་བྱས་སོང༌།¿ཞེས་འགྲེལ་བརྗོད་གནང་སོང༌། ལྷག་པ་ཤེས་རབ་ལ་སྐད་ཆ་འདྲི་སྐབས་¿ངོས་ལེན་བྱས་མེད། དེ་ཁོ་རང་ཚོས་བཟོས་བཞག་པ་རེད། ཁོ་ཚོས་ག་རེ་ལབ་པ་རེད་ཟེར་ན། མོས་མཐུན་ཡོད་ལོབ། ས་ཡིག་རྒྱོབ་ལབ་པ་རེད། ང་ལ་མོས་མཐུན་མེད་དེའི་སྐབས་ལ་ལབ་ཡོད། འགན་འཛིན་ལྷན་ཚོགས་ལ་ལབ་ཡོད། ང་ཚོས་ངོས་ལེན་མེད་ལབ་དུས་སྤྱི་འཐུས་ནས་ཁྱེད་རང་ཚོས་ངོས་ལེན་ཡོད་ན་འདྲ་མེད་ན་འདྲ་ང་ཚོའི་ཐག་ཆོད་འདི་ཡིན་ཟེར། ཚིག་གལ་ཆེན་པོ་རེད། ཐག་ཆོད་ལ་ས་ཡིག་བརྒྱབ་མ་བརྒྱབ་དེ་ཁྲིམས་གང་དུ་ཡིན་ན། ཤོར་ན་ཐོབ་ན་ག་རེ་ཡིན་མིན་ས་ཡིག་རྒྱག་དགོས་པ་རེད། ཧོང་སུར་དང་བྷེང་ལོར་ལ་གཏུགས་པ་རེད། ང་ཐོབ་པ་རེད། ཁོ་ཚོས་ས་ཡིག་བརྒྱབ་ཡོད་པ་རེད། ཡང་ཁོ་ཚོས་ཚང་མ་ལ་ཚང་འདུག་ཟེར་ནས་འགྲིག་རྟགས་རྒྱག་དགོས་ལབ་པ་རེད། ངས་ཞིབ་འཇུག་བྱེད་ས་དང་ཁོང་ཚོས་རྗེས་ལ་ཁུངས་སྐྱེལ་རྒྱུའི་དེབ་ལོགས་ག་རེད། ངས་དེབ་དེ་མ་རེད་ལབ་དུས་ཁོ་རང་ཚོས་ལོགས་ག་རེད་ཟེར་ནས་ངོས་ལེན་བྱས་ཡོད་པ་རེད། སྔོན་མ་དེ་རང་ཁྱེར་ཤོག་ལབ་དུས་ཁྱེར་ཡོང་རྒྱུ་མེད་པ་རེད། དེ་དུས་སྤྱི་འཐུས་ཀྱིས་ཡོད་མ་རེད། ད་ཚར་ཚར་བ་རེད་ཟེར། གཉིས་པ་ངས་སྟོན་རྒྱུ་ཁོ་ཚོས་བསུབ་པ་རེད། ཡར་བསྐྱལ་མར་བསྐྱལ་མང་པོ་བྱས་པ་རེད། དེ་སྒྲིག་རྒྱུར་དུས་ཚོད་མེད་ཟེར། ངས་བསྟན་དུས་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་གིས་མཐོང་གི་མི་འདུག་ཟེར། ཁོ་བྱམ་པས་བྱམེ་པས་རེད་འདུག མཐའ་མ་ཁོ་རང་གིས་ནོར་སྲིད་ཀྱི་རེད་ཟེར། རྗེས་མ་སྤྱི་འཐུས་ཚོགས་གཙོ་སླེབས་སོང༌། བཙན་བྱོལ་བོད་གཞུང་གི་རྩིས་ཁྲ་ཚང་མ་ནོར་རྒྱུ་རེད་ཟེར། ངས་ཚང་མ་ནོར་བ་ཡིན་ན་མཉམ་འབྲེལ་གྱི་རྩིས་ཁྲ་ཡང་ནོར་བ་མ་རེད་དམ་ལབ་པ་ཡིན། དེ་ཡང་ནོར་བ་རེད་ཟེར།¿ཞེས་འགྲེལ་བརྗོད་གནང་སོང༌།
      ད་ལོ་ཕྱི་ཟླ་༡༡ པའི་ནང་བོད་མི་མང་སྤྱི་འཐུས་ནས་བདེ་སླར་ས་གནས་ལས་ཁང་དུ་བཀའ་རྒྱ་ཞིག་འབྱོར་ཡོད་པ་བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ལགས་སུ་དེའི་སྐོར་བཅར་འདྲི་བྱས་པར། ཁོང་གིས་¿ཚོགས་དྲུང་བརྒྱུད་ནས་ང་ཚོར་བཀའ་རྒྱ་ཕེབས་པ་རེད། སྤྱི་འཐུས་རྒྱུན་ལས་ནས་སྔོན་ཞིབ་འཇུག་བྱས་པ་རེད། ལྷག་པ་ཤེས་རབ་ཀྱིས་མ་དངུལ་ལྐོག་ཟ་བྱས་པ་རེད་ཟེར་བ་ཁུངས་སྐྱེལ་མ་ཐུབ་པ་ཡིན་ཙང་མཉམ་འབྲེལ་ཀྱི་འགྲོ་སོང་ཆེད་སྒོར་མོ་གཅིག་ཁྲི་ལྷག་པ་ཤེས་རབ་ས་ནས་ས་གནས་འགོ་འཛིན་གྱིས་བླངས་ནས་མཉམ་འབྲེལ་ལ་སྤྲད་རྒྱུ་ཟེར་བ་དེ་རེད། ངས་དེ་གཞིར་བཟུང་བྱས་ནས་ལྷག་པ་ཤེས་རབ་སྐད་བཏང་ནས་སྤྱི་འཐུས་ནས་ཐག་གཅོད་བྱུང་བ་བཞིན་ལག་ལེན་བསྟར་དགོས་ཀྱི་རེད་ལབ་ནས་སློབ་གསོ་བརྒྱབ་དུས་ཁོས་ང་ལ་དྲང་བདེན་མ་བྱུང༌། དེ་མ་བྱུང་དུས་ང་དེ་སྒྲུབ་ཐུབ་རྒྱུ་མེད་ཟེར་ནས་མ་བྱས་པ་རེད། ངས་གཞིས་ཆགས་ཀྱི་སྐབས་བབས་ལས་འགན་དང་མི་རྒན་པ་ཡིན་པའི་ཆ་ནས་སློབ་གསོ་ཡང་བྱས་ཡོད།¿ཅེས་འགྲེལ་བརྗོད་གནང་སོང༌།།
མེ་སོར་གསར་འགོད་པས་བསྡུ་རུབ་བྱས།