དེ་རིང་ངའི་སྙིང་ན་གི། ཟིན་བྲིས་ཁ་ཤས་ཡང་བོར་སོང།

དཀའ་ལས་བརྒྱབ་བརྒྱབ་ནསམི་སེར་གྱི་ཨག་སྒྲཞེས་པའི་རང་གི་རིགས་བགར་ནང་དུ་ཟིན་བྲིས་བཅུ་དྲུག་ཙམ་ཞིག་བཀོད་པ་ཡིན། ཡིན་ནའང། ཅུང་ཙམ་བསྡད་ནས་ཕྱིར་སླེབས་དུས་ཆ་ཚང་བསུབ་ཚར་འདུག མ་ཕྱི་ཉར་ཡོད་རྒྱུ་རེད་བསམས་ནས་གང་སར་བཙལ་ནའང་རྙེད་ཀི་མི་འདུག  དེའི་རྐྱེན་གྱིས་ངའི་སྙིང་ན་གི་འདུག ན་བ་དེ་ཟིན་ཐོ་ཁ་ཤས་བསུབ་སོང་བས་མ་རེད། རྒྱང་རིང་རྒྱང་རིང་ཞིག་གི་ཆེད་དུ་རེད།གཏིང་རིང་གི་ཤ་འཁོན་ཞིག་དང་ཡང་འབྲེལ་འདུག ཤ་འཁོནནི་རྒྱ་མཚོ་ལྟ་བུ་ཞིག་ཡིན། མི་རབས་ནས་མི་རབས་བརྒྱུད་དགོས། གངས་ཅན་པའི་འཁོར་བའི་རྒྱུན་ཐག་མ་ཆད་བར་དུ་རེད།

    འདི་དང་ལྷན་དུ་དྲང་བདེན་བོར་སོང་བ་རེད། མང་གཙོ་བོར་སོང་བ་རེད། འདྲ་མཉམ་བོར་སོང་བ་རེད།རང་དབང་བོར་སོང་བ་རེད། སྨྲ་བརྗོད་བོར་སོང་བ་རེད། ཁ་བ་ཅན་བོར་སོང་བ་རེད།དེའི་རྐྱེན་གྱིས་ངའི་སྙིང་ན་གི། གཟེར་གི དེའི་རྐྱེན་གྱིས་མི་སེར་གྱིས་ཨག་སྒྲ་འདོན་གྱིན་ཡོད་པ་རེད།ཨག་སྒྲ་དང་ལྷན་འཇིག་རྟེན་ལ་ཁ་བྲལ་བཞིན་ཡོད་པ་རེད།
      ད་ལོ་ང་ཚོ་གོང་མ་ཚང་གིས་བཅིངས་འགྲོལ་བཏང་སྟེ་ལོ་ལྔ་བཅུ་འགོར་བ་རེད། ད་ང་ཚོ་ངོ་མ་བཅིངས་བ་ལས་གྲོལ་དགོས་རྒྱུ་རེད། གོང་མ་ཧུའུ་ལ་ཐད་ཀར་ལ྇ག་འཇུ་བྱས་ནས་ཁ་བརྡ་བྱེད་དགོས་ཀི།མ་རེད་དམ། ཨ་ཁ་བ་ཅན
       ངའི་ཟིན་ཐོ་བསུབ་མཁན་དེ་ཕལ་ཆེར་དྲ་དཔོན་ལགས་ཡིན་རྒྱུ་རེད།ཁེགས་མེད་ཀི། བསུབ་དགོས་རྒྱུ་རེད། ཁོ་ལ་འཇིོགས་སྣང་ཡོད་པ་རེད། ཁོ་འཇིགས་སྣང་དེ་གང་ནས་ཡོང་བ་རེད། ཁོང་གི་འཇིགས་སྣང་དེ་ཁོ་ཁོ་ན་མ་ཡིན་པར་ང་ཚོ་ཚང་མ་བཅིངས་པ་ལས་མ་གྲོལ་བས་ཡོང་བ་རེད།
   གསལ་བཤད་ཅིག་ལ། ད་ལྟ་ངས་དྲ་དཔོན་ལགས་ལ་སྡིགས་མོ་བྱེད་ཀི་མེད། ངོ་མ་ལས་ཀ་འདི་འདྲ་ཞིག་ཉར་བ་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད།རླབས་ཆེན་རེད།དོན་དངོས་སུ་ཁ་བ་ཅན་གྱི་འདུ་ར་ཞིག་རེད།
བོད་མི་ཡོད་དོ་ཅོག་གིས་སྙིང་ཁོང་གི་སེམས་གཏམ་བརྗོད་ས་ཞིག་རེད། དེའི་ཕྱིར་རླབས་ཆེན་གྱི་ལས་ཀ་འདི་ངོ་མ་རླབས་ཆེན་རེད། སྙིང་ཁོང་རུས་པས་གཏིང་ནས་ཐུགས་རྗེ་ཆེ་ལན་གྲངས་ཁྲི་འབུམ་ལ་སྐྱོར་ན་འདོད་ཀི།ཁྱེད་ཚོ་ཁ་བ་ཅན་གྱི་ཚེ་སྲོག་རེད།ཁྱེད་ཚོ་རླངས་འཁོར་རྫིག་པོ་ནང་ན་ཡོད་ཀྱི་མ་རེད།ཟླ་ཕོགས་ཆེན་པོ་ཡོད་རྒྱུ་མ་རེད།ཡིན་ནའང་། ཁ་བ་ཅན་གྱི་ཆེད་དུ།ཁྱེད་ཚོས་ཉིན་ལ་མཚན་མཐུད་ནས་ལས་ཀ་བྱེད་ཀྱིན་ཡོད་པ་རེད།ཁྱེད་ཚོ་བླ་གྲྭ་རྒྱགས་པ་ཚོ་དང་མི་འདྲ།དཔོན་པོ་ལྟོ་སྐྱ་ཚོ་དང་མི་འདྲ།མཁས་པ་ལབ་སྐྱ་ཚོ་དང་མི་འདྲ།ཁྱེད་ཚོས་བདེ་འཇགས་ལ་གཟབ་གཟབ་བྱས་པ་དེ།རང་ཉིད་ཀྱི་རོ་ཐོ་ཆེད་དུ་མ་རེད། ཁ་བ་ཅན་གྱི་ཆེད་དུ་རེད།
  
ཁྱེད་ཚོ་སྐུ་ཚེ་རིང་དུ་འཚོ་ཞིང་བྱ་བཞག་ཐམས་ཅད་ལ་བདེ་ལེགས་ཡོང་བར་སྨོན། ངས་ངག་འཁྱལ་ཁ་ཤས་རེ་མ་བཤད་འདུག་མི་ཐུབ་ནའང། བསུབ་རྐྱང་གནོང་དང་ཆོག ཤེས་ཆུང་ཉེན་ཁ་ཆེ༽ཟེར་བ་ང་ལྟ་བུ་ལ་བཤད་ཀྱིན་ཡོད་པ་རེད།

         དྲ་ཁང་ནང་ནས་ཤར་མར་སྤེལ་བ་འདི་ཡང་བསུབ་ན་ཆོག  ཧཧཧཧཧ་་