ཀ་འཕྲོས།
ཙ་རི་ལ་སོགས་གནས་ཆེན་མང་པོ་རུ།།
ཚ་གྲང་ཁྱད་བསད་སྒོམ་ཆེན་ཆོས་པ་རྣམས།།
ཛ་དྲག་མེད་པར་ཞི་དུལ་བབ་ཕེབས་ཀྱིས།།
ཝ་ཡེ་དེ་འདྲར་གྱུར་བའི་སྨོན་ལམ་འཐོབ།།
ཞ་སེར་བསྟན་པའི་མཛེས་རྒྱན་བསྟན་འཛིན་གྱི་སྐྱེ་བུ།།
ཟ་འདྲེ་བསམ་མེད་ཀླ་ཀློ་རྒྱ་དམར་གྱིས།།
འ་རེ་འུ་རེས་རྒྱལ་སྤྱིའི་ཁྲིམས་ལུགས་ཀུན།།
ཡ་མེད་བརྡལ་བཤིགས་ད་དུང་མཚམས་མ་ཆོད།།
ར་བ་གངས་ཀྱིས་བསྐོར་བའི་ཞིང་ཁམས་སུ།།
ལ་བ་རལ་པོ་གྱོན་པའི་བོད་མི་ཚོས།།
ཤ་ཟད་རུས་ལ་ཐུག་ཀྱང་མ་ཞུམས་པར།།
ས་དེར་སྐྱེས་པའི་དགོས་དོན་ཚང་བར་བྱོལ།།
ཧ་ལམ་བྱམས་བརྩེའི་ཡ་རབས་ལུགས་སྲོལ་དང༌།།
ཨ་དོན་སྐྱོན་མེད་ནང་ཆོས་སྙིང་པོ་རྣམས།།
ཧ་ལམ་བོད་ལས་ཚང་བ་མེད་ངེས་ན།།
ཨ་མའི་བུ་ཚོས་སྙིང་ནོར་སྙིང་ལ་མཆོངས།།