གཏོ་ལུགས་ཀྱི་སྟོན་པ་གཤེན་རབས་དང་བོན་ལུགས་ཀྱི་སྟོན་པ་གཤེན་རབས།
སྔོན་འཕགས་པ་སྤྱན་རས་གཟིགས་གཤེན་རབ་མི་བོ་ཆེའི་སྐྱེ་བ་བཞེས་ནས་འཁོར་གཡུང་ དྲུང་སེམས་དཔའི་ལྷ་ཚོགས་ལ་ཟབ་མོ་བོན་གྱིས་ཚིམ་པར་མཛད་དེ། བྱང་གྲོལ་ལམ་དུ་འཁྲིད་པར་མཛད་པས་གང་ལ་གང་འདུལ་དེ་ལ་དེར་སྟོན་པ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ཞེས་པའི་ཚིག་འདི་བྱུང་བ་རེད་ཟེར་བ་ཞིག་མ་ཎི་བཀའ་འབུམ་ནང་དུ་ཡོད་པ་དྲན་གྱི་ འདུག
ཡང་གདོན་མའི་བོན་གཞུང་རྣམས་སུ་སྲིད་པའི་སྒོ་ང་དཀར་ནག་ལས་སྲིད་པའི་རྒྱལ་བོ་ དང་རྒྱལ་མོ་གཉིས་བྱུང་བ་དང༌། དེ་གཉིས་ལས་མིང་སྲིང་དགུ་གཉིས་བཅོ་བརྒྱད་བྱུང་བ་སོགས་རིམ་པར་འགྲོ་བ་སེམས་ ཅན་གྲོལ་ཚུལ་བཤད་པ་ཞིག་ཀྱང་དྲན་ཀི།
ཡང་འཇང་གི་གཏོ་ལུགས་ཁྲོད་དུའང་འགྲོ་བ་རིགས་དྲུག་ལ་བདེ་འགྲོ་དང་ངན་འགྲོ་ གཉིས་སུ་ཕྱེས་ནས་མི་དགེ་བའི་ལས་བསགས་པ་ལ་བརྟེན་ནས་ཡེ་སྐུ་ཏིང་ནག་གིས་གཙོ་ བོར་དབང་བསྒྱུར་བའི་སྲིད་པའི་སྒོ་ང་ནག་པོ་རུ་སྐྱེས་ཏེ་སྡུག་བསྔལ་སྣ་ཚོགས་ མྱོང་དགོས་པ་དང༌། ལས་དགེ་བ་བསགས་པ་ལ་བརྟེན་ནས་གཙོ་བོར་ཡེ་སྐུ་འོད་དཀར་གྱིས་དབང་བསྒྱུར་བའི་ སྲིད་པའི་སྒོ་ང་དཀར་པོ་རུ་སྐྱེས་ཏེ་བདེ་སྐྱིད་མཛད་མཐའ་མེད་པ་ལ་རོལ་ཆོག་པར་ བཤད་ཡོད་པ་གོ་སོང༌།
རྒྱུ་མཚན་དེ་འདྲ་ལ་དཔགས་ན་བོན་དང་གཏོ་གཉིས་ནི། མིང་གི་རྣམ་གྲངས་ཡིན་པ་འདྲ་ལ། བོན་ལུགས་ཀྱི་སྟོན་པ་གཤེན་རབ་དང་གཏོ་ལུགས་ཀྱི་སྟོན་པ་གཤེན་རབ་གཉིས་ཀྱང་ འཁྲུངས་ཡུལ་དང་འཁྲུངས་ཚུལ་སོགས་གང་ཐད་ནས་མིང་གི་རྣམ་གྲངས་ལྟ་བུ་ཞིག་དང་ གཅིག་མཚུངས་ལྟ་བུ་ཞིག་གི་རྣམ་པ་སྟེར་བས་དྲ་གྲོགས་ཚོས་འདིའི་ཐད་བརྡ་ལན་གསལ་ བོ་རེ་གནང་བའི་རེ་བ་ཞུ།
བསམ་འཆར་འདོན་པ། | |
ཁ་བ་དཀར་པོ། ༢༠༠༨/༡༢/༢༥ ཉིན་འདོན་སྤེལ་བྱས། |
སྟོན་པ་གཤེན་རབ་སྐུ་འཁྲུངས་སའི་སྟག་གཟིག་འོལ་མོ་ལུང་རིང་དེ་དངོས་ཡོད་ཀྱི་འཇིག་རྟེན་བོད་ཀྱི་མངའ་རིས་ཞང་ཞུང་ས་ཁུལ་ཞིག་ཏུ་ཡོད་དམ། ཡང་ན་ཤམྦྷ་ལ་ལྟ་བུའི་སོ་སྐྱེ་ཕལ་བའི་མིག་གིས་མཐོང་མི་ནུས་པའི་དག་ཞིང་ཞིག་ཡིན། སྔོན་མར་ངའི་གྲོགས་པོ་བོན་གྲྭ་ཞིག་གིས་དངོས་མེད་ཀྱི་དག་ཞིང་ཞིག་ཡིན་ཟེར། གལ་སྲིད་དངོས་མེད་ཀྱི་འཇིག་རྟེན་ཞིག་ཡིན་ན་སྟག་གཟིག་དང་ཏྰ་ཟིག་ཅེས་པའི་མིང་ཚིག་འདི་གཉིས་ལ་འབྲེལ་བ་ཅི་ཡང་མེད་པ་རེད་དམ། |
སྤོབས་པ་མཐའ་ཡས། ༢༠༠༩/༠༡/༡༦ ཉིན་འདོན་སྤེལ་བྱས། |
གྲོགས་པོ་ཁ་བ་དཀར་པོ་ལགས། དེས་འགྲིགས་ཀྱིན་མེད་པ་རེད། བོན་པོ་ཚང་གིས་སྟོན་པ་གཤེན་རབ་ཞེས་པའི་མི་ཞིག་འཇིག་རྟེན་འདིར་བྱུང་མྱོང་བ་སྒྲུབ་ཐུབ་ཀྱིན་མི་འདུག ཐ་ན་འོལ་མོ་ལུང་རིང་གང་ན་ཡོད་པ་ཁ་ཚོན་ཆོད་པ་ཞིག་ཤོད་ཐུབ་ཀྱིན་མེད་པ་རེད། ལ་ལ་ཞིག་གིས་ད་ལྟ་ནེ་པ་ལིའི་ཁོངས་སུ་ཡོད་པའི་འོམ་ལུང་ཟེར་བ་དེ་རེད་ཟེར་བ་དང་། ལ་ལས་ཨ་རབ་ཕྱོགས་ཤིག་རེད་ཟེར་བ་ལྟ་བུའི་འོལ་ཚོད་ཀྱིས་སྨྲ་བ་དང་། ལ་ལས་སྟོ་དམངའ་རིས་ཕྱོགས་ཤིག་ཡིན་སྟབས་བོན་འདི་བོད་རང་གི་ས་ཁོངས་ནས་སྐྱེས་པའི་རིག་གནས་རེད་ཟེར་བ་ལྟ་བུ་གོ་སྐབས་གར་འགྲིགས་ཀྱིས་ཉི་མ་འཁྱོལ་ཐས་བྱེད་ཀྱིན་འདུག མདོ་དོན་སྟོན་པ་གཤེན་རབ་ཟེར་བའི་མི་ཞིག་འཇིག་རྟེན་འདིར་བྱུང་མྱོང་བའི་དཔང་རྟགས་ཁུངས་བཙན་ཞིག་མེད་པ་རེད། ང་ལྟ་བུར་མཚོན་ན་བོན་ནི་ཆོས་ལུགས་ཤིག་ཡིན་པའི་ཆ་ནས་གུས་བཀུར་ཡོད་ལ་བོན་པོ་ཚོ་ལ་ཡང་གུས་བཀུར་ལོས་བྱེད། བོད་རང་གི་ལོ་རྒྱུས་ཀྱི་སྟེང་དུ་གཉའ་གནོན་མཐོང་ཆུང་བྱས་པ་དེར་འགྱོད་སེམས་ཡོད་མོད་དེའི་ལོ་རྒྱུས་ནི་ཁོ་རང་ཚོས་བཤད་པ་ལྟར་བདེན་པའི་ཡིད་ཆེས་རྩ་བ་ནས་མེད་དོ། །
|
འདི་ནི་བདག་གི་སྦྲ་རྒན་ནག་ལྡང་ནང་ནས་འདིར་ཆེད་འགོད་བྱས་པ་ཡིན། ཁྱེད་དྲ་གྲོགས་མཁྱེན་ལྡན་རྣམས་ཀྱི་དགོངས་ཚད་ཀྱི་ཆེད་དུ་འདིར་ཆེད་འགོད་བྱས་པ་ཡིན།