རྨོག་རུ་བསྟན་པ་སྐྱིད་སྡུག་ནས་འཐེན་ཞིང་། ལྷོ་ཕྱོགས་ཕོ་ཉ་སྒོ་བརྒྱབ་པ།

ཡིག་ཆ་དེའི་ནང་དུ་སྒོ་མང་དགེ་བསྐོས་ལས་ཐོག་བྱམས་པ་དོན་ཡོད་ལགས་དང་ཁོང་གི་བར་དོན་རྐྱེན་ཕྲན་ཚེགས་ཤིག་བྱུང་བ་ལ་གཞི་བཅོལ་ནས་ཟླ༡ ཚེས་༢༠ ཉིན་གནས་སྐབས་རིང་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱས་རབས་དང་།  དེ་དང་མཉམ་དུ་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་ལྷོ་ཕྱོགས་ཕོ་ཉ་ཡང་སྒོ་བརྒྱབ་ཡོད་ཅེས་བཀོད་འདུག  འདི་ནི་ཧ་ཅང་གི་ཡིད་སྐྱོ་བའི་དོན་དག་ཅིག་རེད།

ཁོང་གི་ལས་བྱེད་གྲྭ་བ་གཉིས་ཡོད་པ་ལས་གཅིག་སྒོ་མང་ཆོས་ཁྲིམས་ལྟ་རྟོག་མཁན་གྱི་ཁང་རྒན་རྣམས་ཀྱིས་འཇུས་བ་ལས་བྱུང་འདུག་ལ།  གཅིག་ལ་ཉེས་བ་ཅི་ཡང་མེད་པར་ལྷོ་ཕྱོགས་ཕོ་ཉའི་ལས་བྱེད་ཡིན་པ་ཙམ་ལ་གཞི་བྱས་ནས་ཆད་པ་སྒོར་ལྔ་བརྒྱ་དགོས་ཞེས་བཤད་ཡོད་འདུག་ལ།  དེར་ཆད་པ་མ་སྤྲད་པ་ལས་དོན་དག་ཕྲན་ཚེགས་ཆེ་རུ་སོང་འདུག 

  ཁོང་གིས་ཡིག་ཆའི་རྗེས་སུ་སྤྱི་ལོ་༢༠༠༩།༠༡།༢༠ ཉིན་ནི་བོད་ཀྱི་རིག་གཞུང་ཞབས་ཞུ་ཁང་ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་།  བཙན་བྱོལ་བོད་མིའི་ལྷོ་ཕྱོགས་གཞིས་ཆགས་ཁྲོད་ཀྱི་གསར་འགོད་རང་དབང་གླེང་སྟེགས་ཆེ་ཤོས་དང་། ཐོག་མ་ཡིན་པ་ལྷོ་ཕྱོགས་ཕོ་ཉ་གསར་ཤོག་སྒོ་བརྒྱག་དགོས་པ་དང་། རང་གཞུང་དབུས་སྤྱི་འཐུས་ཀྱི་ཁྱབ་ཁོངས་མོན་གྷོ་འདོད་རྒུ་གླིང་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ།  ནང་བསྟན་ཤེས་ཡོན་ལྷན་ཚོགས་དང་ལྷོ་ཕྱོགས་ཕོ་ཉ་གསར་ཁང་གི་སྤྱི་ཁྱབ་འགན་འཛིན་རྨོག་རུ་བསྟན་པ་བོད་ཀྱི་རིག་གཞུང་དང་། བདེན་དོན་གྱི་ལ་རྒྱའི་ཆེད་དུ་སྒོ་མང་དགེ་བསྐོས་མངའ་རི་བྱམས་པ་དོན་ཡོད་ཀྱི་སྒེར་སྤྱོད་ལ་མགོ་མ་སྒུར་བར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་སྒྲིག་ཁོང་ནས་དགོངས་པ་རང་ཞུ་བྱས་པའི་ལོ་རྒྱུས་ཀྱི་དེབ་ཐེར་གསར་བ་ཞིག  མ་འོངས་མི་རབས་གསར་བའི་ཕྱིར་དྲན་གྱི་གླེང་སྟེགས་གལ་ཆེ་ཞིག་ཀྱང་ཡིན་ཞེས་བཀོད་འདུག

གནས་ཚུལ་ཞིབ་ཕྲ་་གླེང་སྟེགས་ཁག་ལ་མགྱོགས་པོར་སྤེལ་འཆར་ཡོད་པས་འདིར་མདོར་བསྡུས་ཤིག་ལས་བཀོད་མེད། སེམས་ཤུགས་ཀྱིས་བཟི་ལ་ཉེ་ཞིང་བོད་དོན་ཆེད་རྒྱུག་འདུར་མཚམས་ཆད་མ་མྱོང་བའི་རྨོག་རུ་བསྟན་པ་ལགས་ཀྱི་ཡིད་སྐྱོའི་གནས་ཚུལ་ལ་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་བྱས་པ་ཡིན།