བོད་མིར་རྒྱ་གར་གྱི་ཆེ་མཐོང་གཟེངས་རྟགས་ཐོབ་པ།

རིམ་གསུམ་པ་ཡིན་པ་དང༌། པདྨ་ཤྲིའ་ནི་གནས་རིམ་བཞི་པ་ཡིན་པ་རེད། འདི་ལོར་དམིགས་བསལ་ཕྱི་རྒྱལ་ཡུལ་མི་བཞི་ལ་ས་མིག་ཡོད་པའི་ནང་ནས་དབུས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་ལ་པདྨ་ཤྲིའ་ཞེས་པའི་གཟེངས་རྟགས་དེ་རྩོམ་རིག་དང་ཤེས་ཡོན་གྱི་མཚན་ཐོག་ནས་ཐོབ་ཡོད་པ་རེད།དེ་ནི་བོད་མི་བཙན་བྱོལ་བ་ཆགས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་ཆེས་མཐོའི་མི་སེར་གྱི་གཟེངས་རྟགས་པདྨ་ཤྲིའ་ཞེས་པ་དེ་བོད་མི་ཞིག་ལ་ཐོབ་པ་ཐོག་མ་དེ་ཆགས་ཡོད་པ་རེད། དགེ་བཤེས་ངག་དབང་བསམ་གཏན་མཆོག་ནི་དབུས་གཙང་མདོ་མཁར་དུ་ཡབ་ཕུན་ཚོགས་བཀྲ་ཤིས་དང་ཡུམ་ཚེ་རིང་མཚོ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༥༦ ལོའི་ཟླ་བ་༧ ཚེས་༧ ཉིན་སྐུ་འཁྲུངས་ཞིང༌། ཕྱི་ལོ་༡༩༦༣ ནས་༡༩༧༠ བར་རྒྱ་གར་བྱང་ཕྱོགས་ཨོ་རི་སར་ཡོད་པའི་བོད་པའི་སློབ་གྲྭ་ཞིག་ནང་སློབ་གཉེར་གནང་འདུག ཕྱི་ལོ་༡༩༧༡ ནས་༡༩༨༨ བར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དབུ་མ་འོག་མའི་འཛིན་གྲྭ་ནས་རིམ་བཞིན་བསྟན་བཅོས་འཛིན་གྲྭ་དང་སློབ་དཔོན་འཛིན་གྲྭ་སོགས་བསླབ་པ་མཐར་སོན་ཞིང༌། གཞན་ཡང་རིག་པའི་ཆུ་གཏེར་ཞེས་པའི་ཞིབ་འཇུག་སློབ་མའི་ཕྱག་འཁྱེར་བླངས་ཡོད་པ་རེད། ཕྱིས་སུ་དགའ་ལྡན་ཤར་རྩེ་རུ་ཆོས་ཞུགས་ཀྱིས་ཕྱི་ལོ་༡༩༩༤ ལོར་རབ་འབྱམས་པའི་ཕྱག་འཁྱེར་བཞེས་ཞིང༌། ཕྱི་ལོ་༡༩༩༥ ལོར་དགེ་བཤེས་རྡོ་རམས་པའི་ཕྱག་འཁྱེར་བཞེས། ཕྱི་ལོ་༡༩༩༧ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཕུལ་ཡོད་པ་རེད། ཕྱི་ལོ་༡༩༨༢ ནས་༡༩༨༦ བར་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་རྩོམ་སྒྲིག་པའི་ཐུགས་འགན་བཞེས། ཕྱི་ལོ་༡༩༩༩ ལོར་མཐོ་སློབ་འདིར་མཁས་དབང་གི་མཚན་སྙན་ཐོབ། ཕྱི་ལོ་༢༠༠༡ ནས་ད་ལྟའི་བར་མཐོ་སློབ་འདིའི་ཉེ་བའི་རིགས་བདག་ཀྱི་ཐུགས་འགན་བཞེས་དང་བཞེས་མུས་ཡིན་པ་རེད།།