དོམ་ཁྲས་བསུ་བའི་མེས་རྒྱལ་གཅིག་གྱུར།

ཤིག་འཚོགས་པར་རྒྱ་ནག་གཞུང་གིས་དོམ་ཁྲ་གཉིས་རྔན་པར་སྤྲད་ཡོད་འདུག ཟླ་འདིའི་ཚེས་ ༢༤ ཉིན་ཐེ་ཝན་སྲིད་འཛིན་མཱ་ཡིང་ཇུའུ་དང༌། སློབ་ཕྲུག ༥༠༠ ཙམ་དོམ་ཁྲ་གཉིས་ལ་གཟིགས་མོའི་སྐུ་མགྲོན་དུ་གདན་དྲངས་པ་དང༌། དེ་མིན་མི་མང་ཁྲི་ཚོ་བརྒལ་བ་དོམ་ཁྲའི་ལྟད་མོའི་ཁྲོམ་ཚོགས་ལ་འཛོམས་ཡོད་པ་རེད།ལྟད་མོ་བ་ཞིག་གིས་གོ་ལའི་ཐོག་དོམ་ཁྲ་༡༦༠༠ ཙམ་ལས་མེད་པས་ཐེ་ཝན་དུ་དོམ་ཁྲ་ཉར་ཚགས་བྱས་པ་ནི་བསྟོད་སྔགས་དང་གུས་བཀུར་བྱེད་འོས་པ་ཞིག་རེད་ཅེས་གསར་འགོད་པར་བརྗོད་ཡོད་པ་རེད། ད་དུང་བྱིས་པ་དང་གཞོན་ནུ་དྭ་ཕྲུག་མི་ཚང་སྐྱོ་པོའི་རིགས་ལ་དོམ་ཁྲའི་ལྟད་མོ་ཁང་ཞིག་ཀྱང་གཞུང་འབྲེལ་ཐོག་ནས་སྒོ་འབྱེད་བྱས་ཡོད་པ་རེད།
    རྒྱ་ནག་གཞུང་གིས་ཐེ་ཝན་ལ་དོམ་ཁྲ་སྤྲད་པ་དེ་ད་ལོ་དང་པོ་མིན་ལ། དེ་ཡང་ཕྱི་ལོ་ ༢༠༠༥ ལོར་དོམ་ཁྲ་མིང་ལ་མེས་རྒྱལ་གཅིག་ཏུ་བསྒྲིལ་ཟེར་བ་བཏགས་ཏེ་སྤྲད་སྐབས། ཐེ་ཝན་མང་གཙོ་ཚོགས་པའི་སྲིད་གཞུང་གིས་དང་ལེན་གནང་མེད་པ་རེད། ཡིན་ན་ཡང་དེང་སྐབས་ཐེ་ཝན་གོ་མིན་ཏང་སྲིད་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་ལམ་དམ་པོ་བཙུགས་པ་དང༌། འབྲེལ་ལམ་འདིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་པའི་རྣམ་པའང་ཐོན་བཞིན་ཡོད། ཉེ་དུས་ཐེ་ཝན་གཞུང་གིས་ཨ་སྒོར་ས་ཡ་༩ བཏང་ནས་དོམ་ཁྲའི་འགྲེམས་སྟོན་ཁང་ཞིག་གསར་རྒྱག་བྱས་པ་དང༌། འགྲེམས་སྟོན་གྱི་དུས་ཚོད་རེ་རེའི་ནང་ལྟད་མོ་བ་གྲངས་༥༠༠ ནས་༡༠༠༠ བར་དུ་འདུ་འཛོམས་བྱ་ཐུབ་པའི་རེ་བ་རྒྱག་བཞིན་པ་རེད།
    ཐེ་ཝན་མང་གཙོ་ཚོགས་པའི་ལས་འགུལ་བ་ཚོས་དོམ་ཁྲའི་འགྲེམས་སྟོན་ཁང་ཆེན་ལ་གཞུང་འབྲེལ་ཐོག་ནས་མཛད་སྒོར་རྒྱས་སྤྲོས་ཀྱིས་འགྲོ་གྲོན་ཕོན་ཆེན་བཏང་བར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག།