སེམས་འཕྲིན།

 ཞལ་རས་འཛུམ་གྱིས་ཁང་བའི་མིག་ཟུང་གི་མཐའ་ན།། ལྷ་མོའི་མཛེས་པ་འཕྲོག་པའི་འོད་སྣང་ཞིག་འཁྱིལ་འདུག།

དར་ལ་བབ་པའི་སྐྱེ་གཟུག་གསར་སྐྱེས་ཀྱི་ལྗོན་པ།། ལགས་སྨིན་ལང་ཚོའི་མཚན་མའི་འབྲས་བུ་ཡིས་མཛེས་པ།།

 

མི་རིགས་ལ་རྒྱ་གླེང་བའི་ཁོ་མོ་ཡི་ཁོག་ན།། ལྷད་མེད་དུང་བའི་མཚོ་མོ་ཕ་ཡུལ་ལ་བསྐྱིལ་འདུག།

ཤེས་ཡོན་རྣམ་དཔྱོད་རལ་གྲིའི་དཔའ་ལུང་གི་ཁུག་པ།། གངས་རིའི་ཚེ་སྲོག་སྐྱོབས་པའི་སྙིང་སྟོབས་ཀྱིས་བསྡམས་འདུག།

  

 འཁྱམས་པོའི་ལས་དབང་ལ་ཁའི་དར་ལྕོག་དང་འདྲ་ཡང༌།། ཁྱེད་ལ་ཤོར་བའི་སེམས་པ་འགོག་ཐབས་ཞིག་མ་བྱུང༌།།

བུ་མོའི་སེམས་མཐུན་རོགས་ལོ་ང་རང་གི་ཆོག་ན།། མི་ཚེའི་སྐྱ་ཡའི་མགྲོན་ཤོག་ཁྱེད་རང་ལ་ཕུལ་ཆོག།

 

རིན་ཆེན་ནོམ་པའི་འབུལ་བ་བུ་ཆུང་ང་མེད་ཀྱང༌།། དབྱར་གཞུང་ལྟ་བའི་སེམས་པ་རྩེ་སེམས་ཀྱིས་བསྐྱིལ་ཡོད།

གཟུགས་དང་རྣམ་པའི་བཟོ་ལྟ་བཟང་པོ་དེ་མིན་ཡང༌།། ཐ་ཤལ་སྤྱོད་པ་སྐྱོང་བའི་རང་གཤིས་དེ་ང་མེད།།

ཚེ་རིང་སྒྲོན་དཀར་ལ་བྲིས།