ཨ་རིས་ཨི་རན་ལ་དགོངས་དག་ཞུ་དགོས་ཟེར།

    ཡང་ཁོང་གིས་སྲིད་འཛིན་ཨོ་བྷ་མའི་འཛིན་སྐྱོང་ངོས་ནས་དཀྱིལ་ཤར་དང་ཨི་རན་བཅས་ལ་ཐེ་གཏོགས་བྱེད་ཕྱོགས་ཀྱི་སྲིད་བྱུས་བསྒྱུར་བཅོས་བཏང་བ་དེར་དགའ་བསུ་ཞུ་འོས་སུ་མཆིས་ཀྱང༌། དོན་དངོས་ཐོག་བསྒྱུར་བཅོས་དེས་གཞི་རྩའི་ཐོབ་ཐང་ལ་ཕན་འབྲས་རང་བཞིན་ཅན་ཞིག་དགོས་རྒྱུ་ལས། བསྒྱུར་བཅོས་ཀྱི་ཐབས་བྱུས་ཁ་ཕྱོགས་བརྗེས་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད་ཅེས་གསུང་བཤད་སྤེལ་ཡོད་པ་རེད། ཨི་རན་སྲིད་འཛིན་ནི་ཧ་ཅང་གི་ལྟ་བ་མཁྲེགས་པོ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རྡུལ་ཕྲན་བཟོ་སྐྲུན་ཐད་ལ་ཉེན་བརྡ་མང་ཙམ་གཏོང་མྱོང་ཡང༌། ད་ལྟའི་བར་དེ་ཙམ་གྲུབ་འབྲས་ཐོན་མེད་ལ་བཟོ་བསྐྲུན་གྱི་ལས་གཞི་སྔར་བཞིན་འགྲོ་ཡི་ཡོད་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ་རེད།།