སངྒ་ལའི་སྡེ་གཟར་ཞི་ཆེད་སྐྱབས་འཇུག་སྨོན་ལམ་མཛད་རོགས།
རྒྱ་གར་གྱི་ཚོགས་སྡེ་མང་པོས་ཧིན་དིའི་ཆོས་ལུགས་ཀྱི་ཆགས་ཞེན་ལ་བརྟེན་ནས་རྒྱ་གར་གཞུང་གིས་སངྒ་ལའི་གཞུང་ལ་ངོ་ལོག་ཞི་འཇགས་ཀྱི་མཐུན་འགྱུར་མི་བྱེད་པའི་ཉེར་ལེན་ལས་སངྒ་ལ་གཞུང་གིས་རྒྱ་དམར་གཞུང་ལ་འབྲེལ་བ་མི་བྱེད་རང་བྱེད་ཆགས་ཡོད་པ་སོགས་མི་མཐུན་པའི་རྐྱེན་ངན་མང་དུ་འབྱུང་བཞིན་ཡོད་འདུག ནང་པ་སངས་རྒྱས་པ་ལ་མཚོན་ན་ཆེས་གལ་གནད་ཆེ་བའི་ཡུལ་འདིའི་སྤྱི་ཚོགས་ནི་རང་རེ་ནི་བསྟན་པ་དང་སྟོན་པ་གཅིག་གི་རྗེས་སུ་འབྲངས་བའི་སྤུན་ཟླ་ཡིན་སྟབས་་ཡུལ་གྲུ་འདིའི་གཡུལ་འཁྲུགས་ཀྱི་ཟང་ཟིང་མྱུར་དུ་ཞི་ཞིང་སྐྱེ་འགྲོ་རྣམས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པ་དང་། ལྷག་པར་ཡང་ཡུལ་འདིར་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་དེ་ཉིད་སྔར་བཞིན་དར་རྒྱས་ཡུལ་གནས་ཡོང་ཆེད་དུ་མཆོག་གསུམ་ལ་གསོལ་འདེབས་དང་ལྷག་བསམ་དག་པའི་སྨོན་ལམ་སོགས་གནང་བ་གལ་ཆེན་དུ་གྱུར་འདུག་པ་དགོང་འཇགས་ཞུ། །
