ཚ་བ་དཔའ་ཤོད་དུ་རྒྱ་རྒོལ།

    ཚ་སྟོད་གནས་ར་དགོན་གསར་གྱི་བདག་གཉེར་རྒྱ་གཞུང་གིས་ཉེན་རྟོག་ཁང་དུ་སྐད་བཏང་ནས་དེ་སྔོན་གནས་ར་དགོན་གསར་ནང་རྙོག་གྲ་ཐེངས་མང་པོ་བྱུང་ཡོད་རེད། གལ་སྲིད་མ་འོངས་པར་རྙོག་གྲ་བྱུང་ཚེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ལུགས་ཀྱིས་སྡུག་ར་མང་པོ་བསྐུལ་འདུག སྤྱིར་དཔའ་ཤོད་རྫོང་ལ་དམ་དྲག་ཆེ་བ་དང༌། ཚ་སྟོད་གནས་ར་དགོན་གསར་དུ་ཉེན་རྟོག་པ་ཉི་མཚན་མེད་པ་གནས་སྡོད་བྱེད་མུས་ཀྱིས་ལྟ་སྲུང་བྱེད་བཞིན་ཡོད་པ་རེད།།