རྒྱུས་ཡོད་ཀུན་མཉམ་རུབ་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་རོགས།

ད་ལོ་གཞིས་ལུས་ཆོལ་གསུམ་བོད་མི་ཡོངས་ཀྱིས་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ལས་ འགུལ་སྤེལ་གནང་བའི་སྐོར་ས་གནས་བབ་བསྟུན་གྱི་རྒྱུས་མངའ་སུ་ལ་ཡོད་པ་རྣམས་ནས་མཉམ་རུབ་ཀྱིས་གནས་ཚུལ་ཁ་གསལ་རྣམས་མཁོ་སྤྲོད་གནང་རོགས།

དེ་ཡང་འདི་ག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་ འགན་ཁུར་རྐང་བཞེས་འོག་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་དོན་འཕྲོ་སྐྱོང་དགོས་ཁོངས། ད་ལོ་བོད་ནང་གཞིས་ལུས་བོད་མི་རྣམས་ཀྱིས་ས་གནས་གང་དུ་ལས་འགུལ་ཇི་སྤེལ་དང༌། རྒྱ་གཞུང་གིས་དྲག་གནོན་ཇི་བྱས་སོགས་ཀྱི་གནས་ཚུལ་ཁག་ད་ཕན་འབྲེལ་ཡོད་ལྷག་བསམ་ ཅན་རྣམས་ཀྱིས་མཁོ་སྤྲོད་རིམ་གནང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་དུང་ཡང་བོད་ནང་དྲག་གནོན་མུ་མཐུད་བྱེད་བཞིན་པ་དང༌། སྔོན་ལ་གནས་ཚུལ་མཁོ་སྤྲོད་གནང་བ་མང་པོ་ཞིག་ནང་ཟླ་ཚེས་སོགས་ཁ་གསལ་མེད་པ། གར་སོང་ཆ་མེད་དུ་གྱུར་པ་མང་པོ་ཞིག་ད་ལྟ་བརྩད་གཅོད་ཐུབ་ཡོད་མེད། མུ་མཐུད་ཁྲིམས་གཅོད་བྱེད་བཞིན་པའི་གནས་ཚུལ་རྣམས་ཉིན་རེ་ཉིན་རེ་བཞིན་ཤེས་ རྟོགས་ཐུབ་དགོས་པར་བརྟེན། དེ་འབྲེལ་གྱི་གནས་ཚུལ་ཁ་གསལ་སུ་ལ་ཤེས་རྟོགས་ཡོད་ཚེ་ཟིན་བྲིས་འདིའི་བརྒྱུད་ ཡོངས་གྲགས་སམ། ཡང་ན་གཤམ་གསལ་དྲ་འཕྲིན་བརྒྱུད་གང་མགྱོགས་མཁོ་སྤྲོད་སྐྱབས་འཇུག་ཡོང་བ་མཁྱེན༎

monlambon@gmail.com