འཚོ་འགྲམ་ནས།
སྙན་ཞིང་ཡིད་དབང་འགུགས་པའི་གླུ་གཞས 
འཁྱོར་ཞིང་ལུས་པོ་འདར་བའི་བཟི་བོ་དག
འཁྱིད་ཞིང་ལུས་པོ་འཐམ་པའི་ཕོ་མོ 
འདྲིས་ཤིང་སྙིང་གཏམ་གླེང་བའི་མི་ཚོགས 
འཐོར་ཞིང་གཅིག་བུར་ལུས་པའི་མི་འཁྱམ 
དགའ་ཞིང་མཆོང་ལྡིང་བྱེད་པའི་བྱིས་པ་ཚོ 
ད་དུང་ རྒྱང་རིང་ནས་འོང་བའི་སྐུ་མགྲོན་དག 
མཚོ་ནང་དུ་ཆུ་འཛུལ་ལ་གཡེང་བའི་བསྐྱལ་བ་ཚོ 
རང་རང་གི་མོས་པ་ལ་རོལ་བའི་དེབ་ཀློག་པ་པོ 
སྒོར་མོ་འཚོལ་མཁན་གྱི་རྐུབ་སྟེགས་གཉེར་མཁན 
སྟངས་སྟབས་ཀྱི་ཞབས་བྲོ་རྒྱག་མཁན་གྱི་དར་མ་ཚོ 
ང་རང་ལྟ་བུ་ཆགས་ལྡན་མང་བོ་ཞིག 
མིག་ཤེལ་འོག་ནག་པོའི་འོག་རྒྱང་ལྟ་བྱེད་པའི་ལྟད་མོ་བ 
མཚོ་འགྲམ་འདི་ནས་འདུས་ཤིང་ 
མཚོ་འདི་ནས་འཐོར 
ཉི་མ་དམར་ལྷིང་ངེར་མཚོ་ངོས་སུ་ཤར་སོང་ 
༡༧།༡།༠༩མཚོ་འགྲམ་དུ་བྲིས། 
