བལ་ཡུལ་དུ་བོད་མི་འཛིན་བཟུང་བྱེད་ཀྱི་འདུག

སྤྱིར་བལ་ཡུལ་དུ་སྡོད་མཁན་བོད་པ་མང་པོ་ཞིག་ལ་བལ་ཡུལ་དུ་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་མེད་ལ།དེ་དག་ལས་བོད་ནས་ཡོང་མཁན་རྣམས་ལ་སྐྱབས་བཅོལ་ལག་ཁྱེར་ལྟ་ཞོག་ཐ་ན་ངོ་སྤྲོད་ལག་ཁྱེར་ཡོད་མཁན་ཡང་ཧ་ཅང་དཀོན། ན་ནིང་ཕྱི་ཟླ་༩ པའི་ནང་བོད་མི་བརྒྱ་སྐོར་ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་འགྲམ་དུ་ངོ་རྒོལ་སྐད་འབོད་བྱེད་སྐབས་འཛིན་བཟུང་བྱས་ཏེ། ལག་ཁྱེར་ཡོད་མེད་དབྱེ་འབྱེད་ཀྱིས་བོད་ནས་ཡོང་མཁན་མི་༩༣ ཙམ་ལ་བལ་ཡུལ་དུ་གནས་སྡོད་སྐྱབས་བཅོལ་ལག་ཁྱེར་མེད་པའི་ཁར་ངོ་རྒོལ་སྐབས་འབོད་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ད་ལྟའི་བར་ཐག་གཅོད་འདི་ཡིན་མེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟིགས་རྟོགས་འོག་བལ་ཡུལ་སྣེ་ལེན་ཁང་དུ་བཞག་ཡོད་པ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ཅིག་གིས་གསུང་དོན། སྐྱབས་བཅོལ་ལག་ཁྱེར་ནི་རང་ཉིད་སྲུང་སྐྱོབ་བྱེད་ཀྱི་ལག་ཆ་ལྟ་བུ་ཡིན་ཞིང༌། གལ་ཏེ་ཁྱེད་ཚོར་སྐྱབས་བཅོལ་ལག་ཁྱེར་མེད་ན་ང་ཚོ་ལའང་བྱེད་ཐབས་གང་ཡང་མི་འདུག་ཅེས་ན་ནིང་ཕྱི་ཟླ་༩ ཚེས་༡༢ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་བཀའ་སློབ་གནང་མྱོང་ཡོད་པ་རེད། བལ་ཡུལ་དུ་སྡོད་མཁན་བོད་པ་ཚོ་ལ་དཀའ་ངལ་ཆེ་ཤོས་ཤིག་ནི་ལག་ཁྱེར་མེད་པ་དེ་ཡིན་པ་དང༌། བོད་མི་དེ་དག་ལ་སྐྱབས་བཅོལ་ལག་ཁྱེར་མེད་ཁར་རང་དབང་གཅེས་འཛིན་གྱི་ལག་ཁྱེར་ཡང་བཟོ་མི་ཐུབ་མཁན་ཧ་ཅང་མང་པོ་ཡོད་འདུག། བལ་ཡུལ་གསར་འགོད་པས།