བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་དེ་ཧ་ལས་པ་རེད།

འགོ་སྟོད་ལ་རེ་བ་ཡོད་པའི་བཟོ་འདྲ། རེ་བ་ཞེ་དྲག་ཡོད་པ་མ་རེད་མོད། ཏོག་ཙམ་དྲག་ཏུ་ཕྱིན་པའི་བཟོ་འདྲ། གང་མཚམས་ཤིག་ནས་སྲིད་བྱུས་མཁྲེགས་སུ་ཕྱིན་ནས། དོན་དག་ཡག་པོ་ཅིག་མ་བྱུང་བ་རེད། ཐེངས་བདུན་པའི་སྐབས་ལ་ཁྱེད་རིང་ཚོར་རེ་འདུན་ཡོད་པ་ཡིག་ཐོག་ནས་ཁྱེར་ཤོག་ལབ་པ་རེད། ཐེངས་བརྒྱད་པའི་སྐབས་ང་ཚོའི་དགོས་འདུན་ཁག་ཡིག་ཐོག་ནས་སྤྲད་པ་རེད། དེ་མ་ཐག་ཏུ་ཁོང་ཚོས་བོད་པས་ཡིག་ཐོག་ནས་རེ་འདུན་བཏོན་པ་དེ་ཁ་བྲལ་བའི་ལས་འགུལ་རེད་ཟེར་ནས་མཐའ་གཅིག་ཏུ་དགག་པ་བརྒྱབ་ནས། ད་གནས་སྐབས་རིང་སྒོ་དེ་འགག་པའི་བཟོ་འདྲ་རེད། ཡིན་ནའང་འདི་འདྲ་སྡོད་ཐབས་མེད་པ་རེད། བོད་ནང་གི་གནས་ཚུལ་ལ་ཆ་བཞག་ན། བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང༌། སེམས་ཤུགས་དེ་ཧ་ལས་པ་རེད། འདི་འདྲའི་རྙོག་གྲ་ཞིག་ཡོད་ན་དགའ་ཡི་རེད་དམ། མེད་ན་དགའ་ཡི་རེད། མེད་ན་དགའ་ཡི་རེད་པཱ། ལྷག་པར་དུ་ཧུའུ་ཅིན་ཐའོ་ཡིས་སྤྱི་ཚོགས་འཆམ་མཐུན་ཟེར་བ་དེ་གཙོ་འདོན་བྱས་ནས་བཤད་ཀྱི་ཡོད་པ་རེད། དངོས་གནས་སྤྱི་ཚོགས་འཆམ་མཐུན་དགོས་ན་མགོ་ནས་མནན་བསྡད་ནས་སྤྱི་ཚོགས་འཆམ་མཐུན་ག་འདྲ་ཡོང་གི་རེད་ཅེས་སོགས་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་དང༌། འཚེ་མེད་ཞི་བའི་འགུལ་སྐོར་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།།