རྨ་ཆུ་རྫོང་དུ་གྲྭ་གཉིས་འཛིན་བཟུང༌།
དེང་རྨ་ཆུ་རྫོང་མགྲོན་ཁང་ཁག་ལ་སྤྱི་འབངས་ལག་འཁྱེར་མེད་ཚེ་གང་བྱུང་དུ་ཕྱི་ནང་གི་འགྲུལ་བ་ཞག་སྡོད་བྱེད་མི་ཆོག་པ་དང༌། སྒེར་གཉེར་མང་སྤྱོད་དྲྭ་ཁང་སོགས་སུ་རྒྱ་ནག་ཏུ་སྤྱོད་རྒྱུག་ཆེ་བའི་ཁཱའུ་ཁཱའུ་ལས་ཡཱ་ཧུས་དང༌། སི་ཁཱེབ་སོགས་བེད་སྤྱོད་བྱ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག ལྷག་པར་དུ་སྤྱི་འབངས་ལག་འཁྱེར་མེད་རིགས་སྤྱི་བདེ་མི་སྣ་ཟེར་བས་གང་འདོད་དུ་གཅར་རྡུང་དང་འཛིན་བཟུང་དང༌། མགྲོན་ཁང་བདག་པོར་དངུལ་ཆད་གཅོད་པ་སོགས་དྲག་རྡུང་ཚ་བའི་ལས་འགུལ་སྤེལ་བཞིན་ཡོད་འདུག གནས་ཚུལ་མཁོ་གཏོང་བ་སྒྲོལ་དཀར་སྐྱབས།