གསེར་རྟ་རྫོང་ཁོངས་སུ་ངོ་རྒོལ།
ཅེས་འབོད་སྐུལ་ཤུགས་ཆེན་བྱས་ཀྱང་གྲྭ་མང་གིས་སྲོག་ལ་ཐུག་ཀྱང་ཁ་ཕྱིར་འཁོར་ནས་མི་འགྲོ་རྒྱུ་སེམས་ཐག་གཙང་བཅད་བྱས་ཡོད་པས་གཏན་ནས་འགྲོ་རྒྱུ་མིན་ཞེས་དང༌། འདིར་ཡོང་དགོས་དོན་གཙོ་བོ་ནི་ང་ཚོའི་ཆེད་དུ་སྤུན་ཟླ་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང༌། སྟོང་ཕྲག་མང་པོ་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པ་དེ་དག་ལ་མྱ་ངན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་བྱེད་ཆེད་ཡིན། མ་ཟད་ང་ཚོས་ལོ་གསར་སྐྱིད་པོ་བཏང་ནས་འདུག་པའི་དུས་ཚོད་ཅིག་མ་རེད། འདི་ཁྱེད་ཅག་མི་མང་ཚོས་ཡང་ངེས་པར་ཤེས་དགོས་པ་ཞིག་རེད། ཅེས་མི་མང་ལ་བསྐྱར་བཤད་ཡང་བཤད་བྱས་ཡོད་འདུག དེ་ནས་ཟས་བཅད་ངོ་རྒོལ་བ་རྣམས་ས་གནས་བོད་རིགས་ལས་བྱེད་དང་མི་མང་གིས་ཨུ་ཚུགས་མཐའ་སྐྱེལ་དང་མཆི་མ་ངུ་རྡུང་བྱས་ཏེ། ས་རུབ་ཁ་གྲྭ་བ་རྣམས་མི་མང་གི་ཤུགས་ལ་བརྟེན་ནས་རླངས་འཁོར་ནང་བཅུག་སྟེ་དགོན་ནང་དུ་བསྐྱལ་འདུག ཉེན་རྟོག་པ་རྣམས་ཀྱིས་ཁྱེད་ཚོས་བྱེད་སྟངས་དེ་ཕྱི་རྒྱལ་གྱི་ལས་འགུལ་སྤེལ་སྟངས་ཡིན་པས་ཧ་ཅང་གི་ནག་ཉེས་ཚབས་ཆེན་ཡིན་ཚུལ་དང༌། ལས་འགུལ་འདིའི་རྒྱབ་ལོགས་ལ་སུ་ཡོད་སོགས་་ཧ་གོ་ཡོད་ཅེས་དང༌། ས་གནས་བོད་རིགས་ལས་བྱེད་དང་ལྷ་སྡེ་ཁག་གི་མི་སྣ་ཚོས་འགན་ཁུར་དགོས་ཞེས་བཙན་བཀའ་ཡང་བཏང་འདུག ད་ལྟའི་ཆར་མཇུག་འབྲས་གང་ཡིན་ཤེས་རྟོགས་བྱུང་མེད།
བོད་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་གསེར་རྟ་རྫོང་ཐོག་ཏུ་གྲྭ་པ་ཞིག་གིས་བོད་རང་བཙན་ཡིན་པ་དང༌། ྋགོང་ས་མཆོག་བོད་དུ་གདན་འདྲེན་དགོས་སྐོར་གྱི་སྐད་འབོད་བྱས་པར་བརྟེན། དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་ནའང༌། ངོ་རྒོལ་བྱེད་མཁན་སུ་ཡིན་དང༌། ད་ལྟའི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་མེད་པ་རེད།།
